Wednesday , May 22 2019
Home / གསར་འགྱུར། / ནག་སེལ་གཤེད་བཅོམ་གྱི་མིང་བྱང་འོག་ཏུ་བོད་མི་༩ ལ་མི་ལོ་༧ ཙམ་གྱི་ཁྲིམས་ཐག་བཅད་འདུག

ནག་སེལ་གཤེད་བཅོམ་གྱི་མིང་བྱང་འོག་ཏུ་བོད་མི་༩ ལ་མི་ལོ་༧ ཙམ་གྱི་ཁྲིམས་ཐག་བཅད་འདུག

གཟའ་འཁོར་འདིའི་འགོ་སྟོད་ཙམ་ལ་མདོ་སྨད་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་བོད་མི་༩ ལ་མི་ལོ་༣ ནས་༧ བར་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། རེབ་གོང་ཧོར་རྒྱ་སྡེ་བ་ནས་ཡིན་པའི་བོད་མི་དེ་ཚོར་བཙན་སྐུལ་གྱིས་ཚོང་བརྗེ་བྱེད་དུ་བཅུག་པ་དང་། ཧམ་འཕྲོག་གཡོ་ལེན་བྱས་པ། མི་མང་དཔུང་བསྡེབས་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བྱས་རབས་ཀྱི་ནག་ཉེས་བཙུགས་ཡོད་པ་རེད། རྒྱ་ཡིག་ནང་མངོན་གསལ་ལྟར་ན། བོད་མི་དེ་དག་གི་མིང་ལ་དགེ་འདུན་བཟོད་པ། ཆོས་བཟང་། བན་དེ་རྡོ་རྗེ། བཀྲ་ཤིས་ཚེ་རིང་། བསོད་ནམས་རྒྱལ། དར་རྒྱས། ཤ་བོ་ཚེ་རིང་། མཁའ་བྱམས་རྒྱལ། འབྲུག་འབུམ་ཚེ་རིང་།  ཞེས་ཡིན་འདུག

 

འདི་ནི་འདས་ལོའི་ཕྱི་ཟླ་༡ པོར་བསྒྲགས་པའི་མ་འོངས་ལོ་ངོ་གསུམ་རིང་གི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་འགུལ་དང་འབྲེལ་ཏེ། རྨ་ལྷོ་ཐུན་རིན་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཉེས་དོན་ཐག་གཅོད་ཐེངས་དང་པོ་དེ་ཆགས་ཡོད། ཐུན་རིན་རྫོང་མི་དམངས་ཁྲིམས་ཁང་ཟེར་བས། བོད་མི་དེ་ཚོས་ཚོགས་མི་༢༤ གྲུབ་པའི་ཁ་འགོ་བ་༼སྡེ་མིས་བསྐོས་པའི་འགོ་ཁྲིད་ཚོགས་ཆུང་ཞིག༽རྩ་འཛུགས་བྱས་ཏེ་ཧོར་རྒྱ་སྡེ་བའི་ཨུ་ལྷན་གཉིས་༼སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཏང་ཨུ།༽དང་། གཞི་རིམ་གྱི་སྲིད་དབང་ལ་སྟངས་འཛིན་བྱ་རྩིས་བྱས་རབས་བཤད་འདུག ཁྲིམས་ཁང་དེས་ད་དུང་ཚོགས་པ་དེའི་འགོ་ཁྲིད་༩ ཡིས། སྲིད་གཞུང་གིས་ས་ཆ་བསྡུ་ལེན་གྱི་ལས་དོན་དང་། འཛུགས་སྐྲུན་ལས་གཞིར་གཏོར་བརླག་གཏོང་ཐབས་ཀྱི་ངན་སེམས་བཅངས་རབས། ཚབས་ཆེའི་ནག་ཉེས་དེའི་ཁྲོད་དུ་ནག་ཚོགས་རྩྭ་འཛུགས་ཀྱིས་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་བཏང་ཡོད་ལུགས་བཤད་འདུག

ཕྱི་ལོ་༢༠༡༨ ཟླ་༡༡ པའི་ནང་རྒྱ་གཞུང་འབྲེལ་བརྒྱུད་ལམ་ཏུ་གོང་ཞུས་ཁ་འགོ་བའི་ཚོགས་མི་དེ་དག་འཛིན་བཟུང་བྱས་རབས་དང་། ཁོ་ཚོ་ནག་ཚོགས་དང་འབྲེལ་བ་ཡོད་ལུགས། ཁོ་ཚོས་ཁྲིམས་འགལ་གྱིས་གཞི་རིམ་གྱི་སྲིད་དབང་ལ་སྟངས་འཛིན་དང་། སྡེ་དོན་དང་སྲིད་དོན་ལ་ཐེ་གཏོགས་བྱས་ཏེ་ཁྲིམས་འགལ་གྱི་ཉེས་པ་བསགས་ཡོད་རབས། ནག་ཚོགས་དེ་ནི་ཕྱི་ལོ་༢༠༡༧ ཟླ་༢ ཚེས་༢༡ ཉིན་རྩ་འཛུགས་བྱས་ཡོད་ལུགས་བསྒྲགས་འདུག སྐབས་དེར་ཉེས་འཛུགས་འོག་ཏུ་འཛིན་བཟུང་ཐེབས་པའི་བོད་མི་དེ་ཚོར་རྒྱ་གཞུང་གི་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་དང་ཁུལ་རྫོང་རིམ་པའི་སྤྱི་བདེ་ཅུས་ཀྱིས་ཞིབ་བཤེར་ལ་སྒུག་ཏུ་བཅུག་འདུག བོད་མི་དེ་ཚོ་ཕྱི་ཟླ་༧ ནང་བཀག་ཉར་གྱིས་ཕྱི་ཟླ་༨ པའི་ནང་དངོས་སུ་འཛིན་བཟུང་གི་གྱོད་དོན་ཐོ་འགོད་བྱས་རབས་བསྒྲགས་འདུག

འདི་ག་ལྟེ་གནས་ཁང་ལ་འབྱོར་བའི་གནས་ཚུལ་ནང་དུ། བོད་མི་དེ་ཚོ་འཛིན་བཟུང་བཀག་ཉར་བྱེད་དོན་དངོས་ནི། ཁོ་ཚོས་ཧོར་རྒྱ་སྡེ་དམངས་ཀྱི་ཚབ་བྱས་ནས་དེ་སྔོན་སྲིད་གཞུང་གིས་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་གིས་སོ་ཕག་བཟོ་གྲྭ་བཙུགས་ཀྱང་ཁེ་གཉེར་མ་ཐུབ་པའི་ས་ཆ་དེ་དག་ཕྱིར་མང་ཚོགས་ལ་སྤྲོད་དགོས་པའི་ཞུ་གཏུགས་ལས་འགུལ་སྤེལ་བཞིན་པས། རྒྱ་གཞུང་གིས་ཁོ་ཚོར་དྲག་གནོན་དང་ཧོར་རྒྱ་སྡེ་བའི་འགོ་ཁྲིད་ཀྱི་སྟོབས་ཤུགས་མེད་པ་བཟོ་ཐབས་ཤིག་ཡིན་པ་གསལ་ཡོད། འདི་ག་ལྟེ་གནས་ཁང་ལ་རག་པའི་ཞུ་ཡིག་དེའི་ནང་དུ། ཕྱི་ལོ་༢༠༡༧ ཟླ་༢ ཚེས་༢༡ ཉིན་ཞུ་ཡིག་དེ་ལ་ཧོར་རྒྱ་སྡེ་གཞུང་གིས་རྒྱབ་སྐྱོར་དང་ཁག་ཐེག་བྱས་ཡོད་པ་དང་། ཁ་འགོ་བའི་ཚོགས་མི་༢༤ ཡི་ས་ཡིག་འཁོད་པ་དང་སྡེ་མི་༥༠༠ ཡིས་རྒྱབ་སྐྱོར་གནང་བའི་ཞུ་ཡིག་དེའི་ནང་དུ། ས་གནས་སྲིད་གཞུང་ནས་མང་ཚོགས་ཀྱི་ས་ཐོག་ཏུ་སོ་ཕག་བཟོ་གྲྭ་གསུམ་བཙུགས་པ་དང་། ཕྱི་ལོ་༢༠༡༡ ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་བཟོ་གྲྭ་དེ་དག་གི་སྒོ་བརྒྱབ་པའི་སྐོར་དང་། ས་གནས་སྲིད་གཞུང་གིས་སོ་ཕག་བཟོ་གྲྭ་གསུམ་གྱི་བདག་པོར་གུན་གསབ་འབོར་ཆེན་སྤྲད་ཀྱང་། ས་གནས་མང་ཚོགས་ལ་མི་ལོ་བདུན་རིང་གི་ས་རིན་སྤྲད་མེད་སྐོར་འཁོད་འདུག་ལ། ཞུ་ཡིག་དེའི་སྟེང་དུ་ཁ་འགོ་བའི་ཚོགས་མི་༢༤ ཡི་མིང་རྟགས་འཁོད་པ་ཙམ་མིན་པར། ཧོར་རྒྱ་སྡེ་གཞུང་གི་རྒྱབ་རྟེན་ཐམ་ཀ་ཡང་འཁོད་འདུག དེ་བས་རྒྱ་གཞུང་གིས་ཁ་འགོ་བས་སྡེ་དམངས་ཨུ་ལྷན་གྱི་དབང་ཆར་ཚོད་འཛིན་བྱས་རབས་བཤད་པ་དེ་ནི་ནག་མེད་ཉེས་འཛུགས་བྱས་པ་ཞིག་ཡིན་པ་གསལ་འདུག ཁ་འགོ་བ་ཞེས་པ་དེ་ནི་སྡེ་མིས་བསྐོས་པའི་འགོ་ཁྲིད་ཚོགས་ཆུང་ཞིག་ཡིན་པ་དང་། ཚོགས་པ་དེས་ནམ་རྒྱུན་སྡེ་བའི་སྤྱི་དོན་གལ་ཆེན་རིགས་ལ་གྲོས་བསྡུར་ཐག་གཅོད་གནང་གི་ཡོད་ལ། བོད་མིའི་སྲོལ་རྒྱུན་སྤྱི་ཚོགས་ཁྲོད་དུ་ཁ་འགོ་བས་སྤྱི་ཚོགས་ཀྱི་འགན་ཁུར་ནས་མང་ཚོགས་ལ་གྲོས་བསྡུར་དང་ཁ་ཏ་སློབ་གསོ་གཏོང་སྲོལ་ཡོད།  རྒྱ་གཞུང་གི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དམིགས་འབེན་གཙོ་བོ་གཅིག་ནི། རོང་འབྲོག་ཁུལ་གྱི་གཞི་རིམ་ཚོགས་སྡེ་ཁག་ཡིན་པ་དང་། རྒྱ་གཞུང་གིས་གཞི་རིམ་གྱི་སྲིད་ཁྲིམས་སྡེ་ཁག་ཏུ་དམར་ཤོག་ཚོགས་པའི་འབྲེལ་ལམ་དང་དབང་ཤུགས་རྒྱ་སྐྱེད་གཏོང་གི་ཡོད་པ་རེད།

སྡེ་དམངས་ཨུ་ཡོན་ལྷན་ཁང་ཟེར་བ་དེ་ནི་རྒྱ་གཞུང་གི་སྲིད་དབང་གཅིག་སྡུད་འོག་གི་དབང་ཆ་དམའ་ཤོས་ཀྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ནང་དུ། མང་ཚོགས་ལ་སྡེ་དམངས་ཨུ་ལྷན་འདེམས་པའི་དབང་ཆ་ཡོད་རབས་དང་། སྡེ་དམངས་ཨུ་ལྷན་གྱིས་སྡེ་དམངས་ཀྱི་ཁེ་ཕན་གཞིར་བཟུང་ནས་སྡེ་བའི་ལས་དོན་ལག་བསྟར་དང་དོ་དམ་གྱི་འགན་ཁུར་ཡོད་རབས་འཁོད་ཅིང་། སྡེ་དམངས་ཨུ་ལྷན་ཟེར་བ་དེས་མང་ཚོགས་ཀྱི་རང་དབང་ཐོབ་ཐང་ལ་སྟངས་འཛིན་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། གཞི་རིམ་མང་ཚོགས་ཀྱི་ཨུ་ལྷན་འདེམས་བསྐོ་བརྒྱུད་ནས་སྡེ་བའི་ཏང་ཨུ་དང་སྡེ་དམངས་ཨུ་ལྷན་གཉིས་དབར་གྱི་འབྲེལ་ལམ་ཐད་ལ་རམ་འདེགས་ཀྱི་ནུས་པ་འཐོན་གྱི་ཡོད། ཆེད་མཁས་པ་ཁ་ཤས་ཀྱིས་རྒྱ་ནག་གི་གྲོང་སྡེ་རང་སྐྱོང་ཟེར་བ་དེ་ནི་དོན་དངོས་སུ་དམར་ཤོག་སྲིད་གཞུང་གི་དབང་སྒྱུར་སྲིད་ཇུས་ཁག་ལག་བསྟར་སྟབས་བདེ་ཡོང་ཐབས་ཤིག་ཡིན་པའི་དགོངས་ཚུལ་བཏོན་ཡོད། སྡེ་དམངས་ཨུ་ལྷན་གྱི་སྒྲིག་ཁྲིམས་ནང་དུ་ཁ་གསལ་ཅི་ཡང་མེད་ནའང་། སྒྲིག་ཁྲིམས་དེ་ཐོག་མར་ཟོ་མཁན་ཚོས་གྲོང་སྡེའི་འོས་བསྡུ་བརྒྱུད་ནས་གྲོང་སྡེ་རང་སྐྱོང་གི་ཐོབ་ཐང་ཡར་རྒྱས་ཀྱི་ལྟ་ཚུལ་བཏོན་འདུག བོད་ནང་དུ། ས་གནས་སྲིད་གཞུང་གི་སྒྲིག་གྲས་བྱེད་ལས་ཀྱི་སྟངས་འཛིན་ལ་བརྟེན་ནས་སྡེ་དམངས་ཨུ་ལྷན་ལས་ཏང་ཨུ་ལ་དབང་ཤུགས་ཆེན་པོ་ཡོད་པ་རེད།

ཕྱི་ལོ་༢༠༡༩ ཟླ་༡ ཚེས་༡ ཉིན་རྒྱ་གཞུང་གིས་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལྟ་རྟོག་ལག་བསྟར་ལས་དོན་སྒྲིག་སྲོལ་ལ་བཟོ་བཅོས་ལག་བསྟར་བྱས་ཏེ། ས་གནས་སྲིད་གཞུང་རིམ་པའི་སྒྲུག་འཛུགས་ཁག་ཏུ་ཏང་གི་དབང་ཤུགས་ཁྱབ་ཆེར་བཏང་བ་དང་། ཕྱི་ལོ་༢༠༡༧ ལོར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལྟ་རྟོག་ལག་བསྟར་ལས་དོན་སྒྲིག་སྲོལ་ལ་བཟོ་བཅོས་འགྲེམ་སྤེལ་བྱས་པ་རེད། བཟོ་བཅོས་ཀྱི་སྒྲིག་ཁྲིམས་གསར་བ་དེ་ནི་གཞི་རིམ་ཏང་འཛུགས་སྐྱོང་གིས་ཆབ་སྲིད་ཀྱི་གོ་དབང་སྲ་བརྟན་གཏོང་ཐབས་ཤིག་ཡིན་པ་དང་། ཕྱི་ལོ་༢༠༡༨ ཟླ་༡༠ ཚེས་༡ ཉིན་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གིས་ཆབ་སྲིད་སློབ་གསོ་སྦྱོང་བརྡར་ཁང་ཟེར་བ་ཞིག་བཙུགས་ཏེ་གཞི་རིམ་ཞིང་འབྲོག་ས་ཁུལ་གྱི་ཏང་ཡོན་ཚོར་ཏང་གི་སྒྲིག་འཛུགས་གཞིར་བཟུང་ནས་ཆབ་སྲིད་སློབ་གསོའི་སྦྱོར་སྤྲོད་རྒྱུ་དང་ཁ་བྲལ་རིང་ལུགས་ལ་འགོག་རྒོལ་བྱེད་རྒྱུ་དམིགས་འབེན་དུ་བཟུང་ཡོད་པ་རེད། འདི་ལོའི་ཕྱི་ཟླ་༥ ཚེས་༤ ཉིན་བོད་ལྗོངས་གཞོན་ནུ་དང་བྱིས་པའི་ཕོ་བྲང་ཟེར་བ་སྒོ་ཕྱེ་སྟེ།  ཕུལ་བྱུང་གི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་སློབ་གསོ་ཤུགས་ཆེར་སྤེལ་འཆར་ཡོད་པ་དང་། ལྟེ་གནས་དེའི་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་ངོས་སྙོམས་གྲུ་བཞི་མ་ཁྲི་༢.༦ དང་། འཛུགས་སྐྲུན་གྱི་ས་འཛིན་རྒྱ་ཁྱོན་ལ་རྨིད་ངོས་སྙོམས་གྲུ་བཞི་མ་༩༠༠༠ ཟིན་ཞིང་། དབྱེ་ཞིབ་པ་མང་པོ་ཞིག་གིས་དེ་ནི་རྒྱ་གཞུང་གི་ཆབ་སྲིད་སློབ་གསོ་སྒྱུར་བཀོད་ཁང་ཞིག་དུ་བེད་སྤྱོད་སྲིད་པར་དོགས་གཞི་བྱེད་ཀྱིན་ཡོད་པ་རེད།

རྒྱ་གཞུང་གིས་སྔོན་ཆད་ཀྱི་སྲིད་དབང་གཅིག་སྡུད་ལམ་ལུགས་བསྐྱར་དུ་ལག་ལེན་བསྟར་ཏེ་གཞི་རིམ་གྱི་སྒྲིག་འཛུགས་ཁག་ཏུ་ཏང་གི་སྟངས་འཛིན་དང་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དོགས་ཟོན་མྱུལ་ཞིབ་ཤུགས་ཆེར་བཏང་ཡོད། སྒྲིག་ཁྲིམས་གསར་བ་དེའི་ནང་དུ་ད་དུང་དམངས་སྲོལ་སྒྲིག་འཛུགས་དང་ཁེ་ལས་སྡེ་ཁག གྲོང་གསེབ་དང་སློབ་གྲྭ། ཞིབ་འཇུག་ལྟེ་གནས། སྤྱི་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག མཉམ་འབྲེལ་དམག་ཁུལ་བཅས་སུ་ཏང་ཡོན་གསུམ་མམ་དེ་ལས་མང་བའི་སྒྲིག་འཛུགས་ཆེད་འཛུགས་བྱས་ཡོད། ཕྱིའི་རྒྱལ་ཁབ་ཀྱི་དཔོན་རིགས་ཚོའི་བརྗོད་དོན་ལྟར་ན། ཕྱི་ལོ་༢༠༡༦ རྗེས་སུ་རྒྱ་གཞུང་གིས་རྒྱ་ནང་གི་ཕྱིའི་རྒྱལ་ཁབ་ཀྱི་ཚོང་གཉེར་ཁང་གི་བརྒྱ་ཆ་༧༠ དང་སྒེར་གཉེར་ཁེ་ལས་སྡེ་ཁག་གི་བརྒྱ་ཆ་༦༨ ནང་དུ་ཏང་གི་ཡན་ལག་ལས་ཁང་བཙུགས་ཡོད་པ་དང་། གཞི་རིམ་སྡེ་ཁག་ཏུ་དམར་ཤོག་ཚོགས་པའི་ཆབ་སྲིད་དབང་ཤུགས་སྲ་བརྟན་བཟོ་ཐབས་ཀྱི་འབད་བརྩོན་ཤུགས་ཆེར་བཏང་བ་དེས། བོད་ནང་དུ་སྔར་བྱུང་མ་མྱོང་བའི་དམ་དྲག་དང་ཆབ་སྲིད་ཀྱི་དྲག་གནོན་སྲིད་ཇུས་ཤུགས་ཆེར་བཏང་སྟེ། བོད་ཡུལ་ནི་འགྲོ་བ་མིའི་ཐོབ་ཐང་མེད་པའི་ནག་ཁུང་ཞིག་ཏུ་བསྒྱུར་ཡོད།

 

དཔྱད་གཞིའི་ཡིག་ཚགས།

  1. Our prefecture publicises the public hearing on organised crime case, Malho Tibetan Newspaper, April 2019,https://mp.weixin.qq.com/s?__biz=MzAwNzk2ODM0NA==&mid=2247490648&idx=1&sn=f095eebe8f40b4446548d4b197b5ecb4&chksm=9b775f6fac00d679ffe234b9c725fc60ce5e4b73f5e0d0945c7a943b5ebc072428f319fd86fd&mpshare=1&scene=1&srcid=&pass_ticket=m1IuGibp%2FBKOjY%2FLFsmo9gCgGAJDrPiFOC7c4SbsPDLBcCu0P5ja%2ByjF2V2RPeSE#rd
  2. ‘Notice of the Tibet Autonomous Region Public Security Department on Reporting Leads on Crimes and Violations by Underworld Forces’, Translation by Human Rights Watch in “Illegal Organizations”: China’s Crackdown on Tibetan Social Groups, 30 July 2018, available at https://www.hrw.org/report/2018/07/30/illegal-organizations/chinas-crackdown-tibetan-social-groups#

3.Malho police crush illegal organisation, Malho Tibetan Newspaper, 29 November 2018, https://mp.weixin.qq.com/s?__biz=MzAwNzk2ODM0NA==&mid=2247488996&idx=1&sn=5004ce5ecb53fc51395d66fc1731b3fa&chksm=9b7756d3ac00dfc5259e08d9fe07c59366beb4dae2b7fe30cd712c356530d73864676e20aa5c&mpshare=1&scene=1&srcid=0110Gl94BlifPxIWFR9PkBin&pass_ticket=G6XQuMWdnYVFcHoXKQcXj4MdkqwaeIm7NApsxnbSNvwv2GfQ%2FcdZFAGsB9pAwARU#rd

  1. http://hntrfy.chinacourt.gov.cn/article/detail/2019/04/id/3827757.shtml
  2. CPC meeting reviews work rules of rural organizations, disciplinary inspection agencies, Xinhua, 26 November 2018, available at http://www.xinhuanet.com/english/2018-11/26/c_137632863.htm http://www.npc.gov.cn/englishnpc/Law/2007-12/11/content_1383542.htm
  3. PRC’s Organic Law of the Villagers’ Committee, http://www.npc.gov.cn/englishnpc/Law/2007-12/11/content_1383542.htm
  4. Li, L O’Brien, KJ. The Struggle Over Village Elections

2018-04-11, Published in Merle Goldman and Roderick MacFarquhar, eds., The Paradox of China’s Post-Mao Reforms (Cambridge: Harvard University Press), pp.129-44 (text) and pp. 382-89 (notes), Electronic copy available at: http://ssrn.com/abstract=1977427

  1. Kevin J. O’Brien, “Implementing Political Reform in China’s Villages,” Australian

Journal of Chinese Affairs, no. 32, pp. 33-60 (July 1994).

  1. The General Office of the Central Committee of the Communist Party of China issued the “Working Rules for the Supervision and Discipline of the Communist Party of China’s Discipline Inspection Organs”

2019-01-06 18:59:22 Source: Xinhuanet, http://www.xinhuanet.com/politics/2019-01/06/c_1123953624.htm

  1. Nectar Gan, Xi Jinping targets grass roots in push to extend Communist Party control, 29 November 2018, available at https://www.scmp.com/news/china/politics/article/2175442/xi-jinping-targets-grass-roots-push-extend-communist-party

 

  1. New China ‘crime’ crackdown targets threats to party rule, Associated Press/Indian Express, 16 March 2018, available at https://indianexpress.com/article/world/new-china-crime-crackdown-targets-threats-to-party-rule-5099764/
  2. 2017 Annual report on human rights situation in Tibet, TCHRD, May 2018, available at http://tchrd.org/2017-annual-report-on-human-rights-situation-in-tibet/

Check Also

རྒྱ་གཞུང་གིས་ཉེས་འཛུགས་བཙོན་འཇུག་བྱས་པའི་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལ་དག་འབུལ་ཞུ་གཏུག་གི་ཐོབ་ཐང་སྤྲད་མི་འདུག

འདས་པའི་མི་ལོ་གསུམ་ལྷག་རིང་གང་བྱུང་བཀག་ཉར་བྱས་པའི་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲི་དབང་ཕྱུག་ནས་རྒྱ་གཞུང་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་བཙུགས་ཏེ་མི་ལོ་ལྔ་ཡི་ཁྲིམས་འགལ་ཉེས་ཆད་པར་ངོས་ལེན་མ་གནང་བར་མུ་མཐུད་རང་ཉིད་ལ་ཉེས་པ་ཅི་ཡང་མེད་པར་ཞུ་གཏུག་གནང་མུས་ཡིན་པ་རེད། ཕྱི་སྡོད་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པས་གནས་ཚུལ་བཏོན་པའི་ནང་དུ། ཕྱི་ཟླ་༡ ཚེས་༡༥ ཉིན་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ་ལིན་ཆི་ལེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏིང་ཁྲན་བཙོན་ཁང་དུ་སོང་ཡང་བཀྲ་ཤིས་དབང་ཕྱུག་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་ཅིང་། དེ་གར་ཁྲིམས་རྩོད་པ་ལིན་ཆི་ལེ་ཡིས་བཀྲ་ཤིས་དབང་ཕྱུག་གི་གྱོད་དོན་བསྐྱར་དུ་ཞུ་གཏུག་བྱེད་དགོས་པ་བརྗོད་འདུག བཙོན་ཁང་གི་འགོ་ཁྲིད་ཀྱིས་ཁོང་ལ་གནས་ཚུལ་དེ་གོང་རིམ་འགོ་ཁྲིད་ལ་ཡར་ཞུ་བྱེད་དགོས་ལུགས་བཤད་པ་དང་། དུས་ཡུན་ཆུ་ཚོད་གཅིག་རིང་སྒུག་རྗེས། བཙོན་ཁང་གི་འགོ་ཁྲིད་དེ་ཕྱིར་ཡོང་ནས་ཁྲིམས་རྩོད་པར་བཀྲ་ཤིས་དབང་ཕྱུག་གི་གྱོད་དོན་དེ་ཚོར་ཤུགས་ཆེན་པོ་ལྡན་པ་ཞིག་ཡིན་པས། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་༼ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན།༽གྱི་ཆོག་མཆན་གནང་དགོས་ལུགས་བཤད་འདུག རྒྱ་ནག་གི་རྩ་ཁྲིམས་ནང་དུ་ཉེས་ཕོག་མི་སྣ་ཚང་མར་ཞུ་གཏུག་གི་ཐོབ་ཐང་ཡོད་རབས་འཁོད་ཅིང་། རྒྱ་གཞུང་གི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་༡༨༠ ནང་དུ། གལ་ཏེ་ཉེས་ཕོག་མི་སྣའི་ཁྲིམས་རྩོད་པས་ས་གནས་རིམ་པའི་ཁྲིམས་ཁང་གི་ཁྲིམས་བཤེར་ལ་ངོས་ལེན་མ་བྱས་པ་ཡིན་ན། ཁྲིམས་རྩོད་པས་རིམ་པ་མཐོ་བའི་ཁྲིམས་ཁང་དུ་གོང་གཏུག་བྱེད་པའི་ཐོབ་ཐང་ཡོད། …

Leave a Reply

Your email address will not be published. Required fields are marked *