Tuesday , October 23 2018
Home / གསར་འགྱུར། / བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཙོན་འཇུག་བྱས་པ་ནི། རྒྱ་གཞུང་གི་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་དེས་བོད་མིའི་རིག་གཞུང་ངོ་བོ་དང་བཅས་པ་རྩ་མེད་གཏོང་གི་ཡོད་པ་གསལ་བོར་བསྟན་ཡོད།

བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཙོན་འཇུག་བྱས་པ་ནི། རྒྱ་གཞུང་གི་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་དེས་བོད་མིའི་རིག་གཞུང་ངོ་བོ་དང་བཅས་པ་རྩ་མེད་གཏོང་གི་ཡོད་པ་གསལ་བོར་བསྟན་ཡོད།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་བྱས་པའི་ནག་ཉེས་བཙན་འགེལ་འོག་མི་ལོ་༥ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ནེའུ་ཡོག་དུས་བབ་ཀྱིས། བཀྲ་ཤིས་དབང་ཕྱུག་ནས་རྒྱ་ནག་ས་གནས་སྲིད་གཞུང་གིས་བོད་སྐད་ཡིག་རིག་གཞུང་དར་སྤེལ་དང་སྲུང་སྐྱོབ་འཐུས་ཤོར་གཏོང་གིན་པའི་གནས་ཚུལ་གོང་རིམ་ལ་ཞུ་གཏུག་བྱས་པའི་སྐོར་གྱི་བརྙན་ཐུང་ཞིག་བརྒྱུད་ལམ་དུ་སྤེལ་རྗེས། ཕྱི་ལོ་༢༠༡༦ ཟླ་༡ ཚེས་༢༧ ཉིན་བཀྲ་ཤིས་དབང་ཕྱུག་གང་བྱུང་བཀག་ཉར་བྱས་ཤིང་། ཧ་ལམ་འདས་པའི་མི་ལོ་༢ རིང་ཁོང་གང་བྱུང་བཀག་ཉར་བྱས་ཏེ་འདི་ལོའི་ཕྱི་ཟླ་༡ ནང་ཁྲིམས་ར་ཚོགས་ཀྱང་དཔྱད་ཁྲ་མ་བསྒྲགས་པར་གྲོལ་ཡོད་པ་རེད།

ཁ་སང་བོད་ནང་ཞོགས་པའི་ཆུ་ཚོད་༩།༣༠ སྟེང་ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁྲིམས་བཤེར་དཔྱད་ཁྲ་བསྒྲགས་ཤིང་། བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ་ལིན་ཞོ་ཅུན་གྱིས་ཊི་ཝི་ཊིར་སྟེང་བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་ཐག་བཅད་པའི་སྐོར་གྱི་གནས་ཚུལ་སྤེལ་ཏེ། པེ་ཅིན་ནས་ཁྲིམས་རྩོད་པའི་ཐོབ་ཐང་ལག་འཁྱེར་ལ་ལོ་འཁོར་ཞིབ་དཔྱོད་བྱེད་ཀྱི་ཡོད་པས་དང་། ཁྲིམས་འཛིན་ཅུའུ་ཡི་བཀོད་ཁྱབ་འོག་ཏུ་ཁོང་གིས་ཕྱིའི་གསར་འགྱུར་བརྒྱུད་ལམ་གྱི་དོགས་འདྲི་དང་ལེན་བྱེད་ཐབས་མེད་སྐོར་བརྗོད་པར་མ་ཟད། ཁོང་གིས་ད་དུང་ཁྲིམས་ཀྱི་དགོངས་དོན་ལྟར་བཀྲ་ཤིས་དབང་ཕྱུག་ལ་ཉེས་པ་མེད་པར་ངོས་འཛིན་གནང་ཡོད།

བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་ཐག་བཅད་པ་དེས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཟེར་བ་ནི་ཁྲེལ་དགོད་འཆོར་ཡུལ་འབའ་ཞིག་ཏུ་བཟོས་ཡོད་ལ། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་དེ་གཉིས་ཀྱི་ནང་དུ་བོད་མིའི་སྐད་ཡིག་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐོབ་ཐང་སྐོར་གསལ་བོར་འཁོད་ཡོད་པར་མ་ཟད། རྒྱ་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་གཞན་དག་ནང་དུ་ཡང་བོད་མི་ཚོས་སོ་སོའི་སྐད་ཡིག་རིག་གནས་ལ་སློབ་སྦྱོང་བྱས་ཆོག་པའི་འདམ་ག་སྤྲད་ཡོད། ཡིན་ནའང་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གསལ་གྱི་ཆ་རྐྱེན་དེ་དག་ལ་མ་བལྟས་པར་ཉེ་བའི་ལོ་ཤས་ནང་རྒྱ་ནག་དམར་ཤོག་གཞུང་གིས་ས་གནས་བོད་མིའི་སྐད་ཡིག་སློབ་གསོ་དང་ས་གནས་སྲིད་གཞུང་ནས་རྒྱ་ཡིག་རྒྱ་སྐད་བཀོལ་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་རྐྱེན། གྲངས་མང་མི་རིགས་ཀྱི་སྐད་ཡིག་སྲིད་ཇུས་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲིད་ཇུས་ལག་བསྟར་གཉིས་དབར་ཁྱད་པར་ཆེན་པོ་ཤོར་ཏེ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོབ་ཐང་ལ་དོན་སྙིང་ཅི་ཡང་མེད་པར་གྱུར་ཞིང་། གནད་དོན་དེ་ནི་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བདེ་འཇགས་ཀྱི་གནོད་གཞི་ཞིག་ཏུ་མཐོང་གི་ཡོད།

རྒྱ་ནག་དམར་ཤོག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་གཞིར་བཟུང་ནས་མེས་རྒྱལ་གོང་བུ་གཅིག་གྱུར་ཁྱབ་གདལ་གཏོང་བ་དང་། སྐད་ཡིག་སློབ་གསོའི་སྲུད་ཇུས་ལག་བསྟར་གྱིས་གྲངས་ཉུང་མི་རིགས་ནང་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེར་སྤེལ་གྱི་ཡོད་ཅིང་། རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེར་སྤེལ་ཐབས་གཅིག་ནི། རྒྱ་ཡིག་རྒྱ་སྐད་ནི་རྒྱལ་ཡོངས་སྤྱི་སྐད་བཟོསཏེ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་གསོའི་སྒྲོམ་གཞི་དང་དོན་དམ་གྱི་སྐད་གཉིས་སློབ་གསོའི་གནས་བབ་སྣང་མེད་རྒྱ་ཡན་དུ་གཏོང་གི་ཡོད་པ་དེ་རེད།

བཀྲ་ཤིས་དབང་ཕྱུག་དུས་བཀག་བཙོན་འཇུག་བྱས་པ་དེས། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་མིའི་རིག་གཞུང་ངོ་བོ་དང་བཅས་པ་རྩ་མེད་དང་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་མི་མཐུད་རྒྱུན་སྐྱོང་རྒྱུ་ཡིན་པའི་སེམས་ཚབས་ཀྱི་བརྡ་ལན་ཞིག་སྤྲད་ཡོད་པར་མ་ཟད། ད་དུང་སེམས་ཚབས་གཞན་ནི། རྒྱ་ནག་དམར་ཤོག་གཞུང་གི་དབང་འཛིན་དཔོན་རིགས་ཚོས། གྲངས་ཉུང་མི་རིགས་གཞན་དག་དང་བོད་མིའི་རིག་གཞུང་ངོ་བོ་དང་བཅས་པ་རྩ་མེད་བཟོས་པ་ཡིན་ན་ད་གཟོད་མེས་རྒྱལ་གོང་བུ་གཅིག་གྱུར་དང་རྒྱལ་ཁབ་བརྟན་ལྷིང་གི་དམིགས་འབེན་མངོན་འགྱུར་ཡོང་བའི་ལྟ་ཚུལ་བཟུང་ཡོད་པ་དེ་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་གཏོང་མཁན་བཀྲ་ཤིས་དབང་ཕྱུག་དང་བཙོན་འཇུག་འོག་གི་བོད་མི་གཞན་དག་ཚང་མ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ལ། རྒྱ་གཞུང་གིས་བོད་ཁུལ་དུ་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ཁྱབ་གདལ་བཏང་བར་རྟེན་ནས། བོད་ནང་བརྟན་ལྷིང་མེད་པར་ཞི་རྒོལ་ལས་འགུལ་བསྟུད་མར་འབྱུང་མུས་ཡིན་ཞིང་། ཕྱི་ལོ་༢༠༠༨ དང་༢༠༠༩ ལོར་བོད་དང་ཤིན་ཅང་ས་ཁུལ་ནང་ཞི་བའི་སྒེར་ལངས་ལས་འགུལ་རིམ་པར་བྱུང་བ་དང་། ཕྱི་ལོ་༢༠༡༠ ལོར་བོད་རིགས་སློབ་མས་བོད་སྐད་ཡིག་སློབ་གསོའི་རང་དབང་གི་དགོས་འདུན་བཏོན་ནས་རང་ལུས་མེར་སྲེག་གི་མཚོན་པའི་ཞི་རྒོལ་ལས་འགུལ་ཐེངས་མང་སྤེལ་དགོས་བྱུང་ཡོད།

About Tibetan Section TCHRD

Check Also

གཞོན་སྐྱེས་རྩོམ་པ་པོ་བསྟན་འཛིན་དགེ་ལེགས་ཀྱིས་ཁེར་རྐྱང་ཞི་རྒོལ་གནང་རྐྱེན་རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་གར་སོང་ཆ་མེད་བཟོས་འདུག

རྒྱ་གཞུང་གིས་རྔ་བའི་རྫོང་ཐོག་ཏུ་བོད་རང་དབང་གི་སྐད་འབོད་གནང་མཁན་གཞོན་སྐྱེས་རྩོམ་པ་པོ་གྲྭ་བསྟན་འཛིན་དགེ་ལེགས་འཛིན་བཟུང་གིས་གར་ཁྲིད་ཅི་བྱས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༦ ཉིན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་དང་གཞོན་སྐྱེས་རྩོམ་པ་པོ་བསྟན་འཛིན་དགེ་ལེགས་ཞུ་བ་ཞིག་གིས་རྔ་བའི་རྫོང་ཐོག་ཏུ་བོད་རང་དབང་གི་སྐད་འབོད་གནང་ཡོད་པ་དང་། དེ་མ་ཐག་ཉེན་རྟོག་པ་ཐོན་ནས་ཁོང་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་ཉར་བྱས་ཡོད་ཅིང་། རྒྱ་གཞུང་གིས་བོད་ཕྱི་ནང་གི་འབྲེལ་ལམ་གཙོ་བོ་ལག་འཁྱེར་ཁ་པར་དང་འཕྲིན་ཕྲན་སོགས་ལ་ཞིབ་བཤེར་དང་སྟངས་འཛིན་ཤུགས་ཆེན་བྱས་པའི་རྐྱེན་གྱིས། ད་ལྟ་དགེ་འདུན་པ་བསྟན་འཛིན་དགེ་ལེགས་ས་གནས་གང་དུ་བཀག་ཉར་བྱས་ཡོད་པ་དང་། ཁོང་གི་གནས་སྟངས་ཅི་འདྲ་ཡིན་པ་སོགས་ཞིབ་ཕྲའི་གནས་ཚུལ་ལ་རྒྱུས་ལོན་བྱུང་ཐུབ་མེད་པ་རེད། གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། དགེ་འདུན་པ་བསྟན་འཛིན་དགེ་ལེགས་འཇུ་བཟུང་བཙན་ཁྲིད་མ་བྱས་པའི་སྔོན་ལ་ཁོང་གིས་འཕྲིན་ཕྲན་རྒྱལ་ལྗོངས་སུ་<<ཁྱེད་ཅག་གིས་བལྟས་ན་ང་རང་འདུག་བཟོད་དམ་>>ཞེས་དང་<<རྒྱ་ནག་ཀྲུང་གོར་ལབ་པ་>>ཞེས་པའི་སྙན་རྩོམ་གཉིས་སྔ་རྗེས་སུ་སྤེལ་ཡོད་པ་དང་། ཁོང་ནམ་རྒྱུན་ས་རིན་ཞེས་པའི་སྨྱུག་མིང་སྤྱད་དེ་རྩོམ་ཡིག་མང་པོ་འབྲི་མཁན་ཞིག་ཡིན་འདུག། ཁོང་གི་ཕ་ཡུལ་རྔ་བ་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཡོ་ཚང་སྡེ་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་མ་ཉོ་དང་མ་མིང་ལ་དཀོན་སྒྲོལ་ཞུ་བ་དང་། ད་ལྟ་རང་ལོ་༡༨ ཡིན་པའི་བསྟན་འཛིན་དགེ་ལེགས་ནི་རྔ་བ་ཀིརྟི་དགོན་གྱི་གྲྭ་བ་ཡིན་པ་རེད། རྒྱ་གཞུང་གིས་མེས་རྒྱལ་བརྟན་སྲུང་དང་ཁ་བྲལ་ལ་ངོ་རྒོལ་སོགས་ཀྱི་མིང་བྱང་སྣ་ཚོགས་འོག་ཏུ་བོད་མིའི་སྤྱི་ཚོགས་བརྒྱུད་ལམ་ཁག་དང་། …

Leave a Reply

Your email address will not be published. Required fields are marked *