Tuesday , March 26 2019
Home / གསར་འགྱུར། / ནད་ཀྱིས་མནར་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ལ་འདྲི་གཅོད་ཀྱིས་བཟང་བཙོན་བྱས་ཡོད་པ།

ནད་ཀྱིས་མནར་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ལ་འདྲི་གཅོད་ཀྱིས་བཟང་བཙོན་བྱས་ཡོད་པ།

དེ་རིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་ས་གནས་དབང་འཛིན་པ་ཚོས་ནད་ཀྱིས་མནར་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ལ་ཆུ་ཚོད་ཁ་ཤས་རིང་འདྲི་གཅོད་བྱས་མཐར་བཟང་བཙོན་གྱི་ངོ་བོར་བཀག་ཉར་བྱས་ཡོད་འདུག 
 
​ཟླ་འདིའི་ཚེས་༢༧ཞོགས་པ་ཆུ་ཚོད་བཅུ་བའི་ཐོག ལོ་ན་བཞི་བཅུར་སོན་པའི་གཞོན་ནུ་དཔལ་ལྡན་ཁོང་དབལ་བཎ་ཡུལ་ཚོའི་སྤྱི་བདེ་ལས་ཁུངས་སུ་ཁྲིད་དེ་ཁུལ་དང་རྫོང་ནས་ཁྱོད་ལ་འདྲི་རྩད་བྱེད་པར་སླེབས་ཀྱི་ཡོད་ཅེས་ཆུ་ཚོད་གཉིས་པ་བར་སྒུག་བཅུག། དེ་ནས་ཁུལ་དང་རྫོང་གི་མི་དམངས་སྤྱི་བདེ་ཉེན་རྟོག་པས་ཆུ་ཚོད་བདུན་པ་བར་དུ་འདྲི་གཅོད་བྱས་ཤིང་། ཁོ་ཚོས་གཞོན་ནུ་དཔལ་ལྡན་ལ་ཞིབ་འཇུག་ཆེད་ཁ་པར་གཞུང་བཞེས་བཏང་ཡོད་ལ། གོང་རིམ་ནས་བཀའ་རྒྱ་མ་འབྱོར་བར་དུ་རང་ཁྱིམ་དང་ཁ་འབྲལ་མི་ཆོག་པའི་བཀའ་བཏང་ཡོད་འདུག
འདྲི་གཅོད་སྐབས་ཁོང་ལ་འདི་ག་ལྟེ་གནས་ཁང་གིས་ཕྱི་ཚེས་༡༨ཉིན་གྱི། ཁོང་བཙོན་འཇུག་སྐབས་མྱངས་བའི་དཀའ་སྡུག་དང་། ཁྱིམ་ཚང་ལ་འཕྲད་པའི་དཀའ་ངལ། བཙོན་དུ་མནར་གཅོད་བཏང་བས་ལུས་ཁམས་བདེ་ཐང་མིན་པའི་གནས་ཚུལསྤེལ་བའི་སྐོར་དྲིས་ཡོད། ཁོང་ནི་བྱིས་པ་གསུམ་གྱི་ཨ་ཕ་ཡིན་པ་དང་། ལོ་བརྒྱད་ལ་སོན་པའི་ཁོང་གི་བུ་མོ་དེ་སྔོན་ཁོ་མོའི་ཨ་ཕས་ཆབ་སྲིད་ལས་འགུལ་སྤེལ་བར་བསྙད་ནས་སློབ་གྲྭར་ཞུགས་བཅུག་མེད། ཁོང་ལ་རང་ཉིད་ཀྱི་གནས་སྟངས་ཕྱིར་བསྒྲགས་བྱས་པར་སྐྱོན་བརྗོད་དང་གཤེ་གཤེ་ཚ་ནན་བཏང་ཡོད་འདུག འདི་ག་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་གནས་ཚུལ་ཁུངས་ལྡན་བརྗོད་དོན་ལྟར་ན། ཁོང་ལ་འདྲི་གཅོད་བྱེད་མཁན་ལས་བྱེད་ཚོས་ཁོང་གིས་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་ཚུལ་བརྗོད་ཡོད་འདུག
མིག་སྔའི་གནས་ཚུལ་དང་འབྲེལ་གཞོན་ནུ་དཔལ་ལྡན་གྱི་བཟའ་མི་དང་གཉེན་ཉེ་ཚོས་ཁོང་བསྐྱར་དུ་འཛིན་བཟུང་བྱ་མི་ཡོང་ངམ་སྙམ་པ་དང་བསྐྱར་དུ་འཛིན་བཟུང་བྱས་ཚེ་ཁོང་གི་ལུས་ཁམས་ནད་པ་ཡིན་པའི་གནས་སྟངས་སྡུག་ཏུ་འགྲོ་ཉེན་ཡོད་པ་སོགས་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། ད་བར་ཁོང་གི་ནང་མི་ཚོས་དཀའ་ངལ་མང་པོ་ལ་གདོང་ལེན་བྱས་ཡོད་ཅིང་ཁོང་གི་ལུས་ཁམས་མི་བདེ་བའི་གནས་སྟངས་རྐྱེན་པས་ཀྱང་དཀའ་ངལ་མང་པོ་བརྒྱུད་དགོས་ཐུག་ཡོད།
འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གིས་རྒྱ་གཞུང་དབང་འཛིན་པ་ཚོས་གཞོན་ནུ་དཔལ་ལྡན་ལ་བསྐྱར་དུ་ཉེས་མེད་ཉེས་འདོགས་ཀྱིས་སྡུག་པོ་མི་གཏོང་བར་ཁོང་ལ་སྨན་བཅོས་མཐུན་རྐྱེན་ཚུལ་བཞིན་སྦྱོར་བ་དང་ཁོང་གི་བུ་མོ་སློབ་གྲྭར་ཞུགས་འཇུག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ན། མི་ཞིག་གི་བསམ་པའི་རང་དབང་ལ་ཚོད་འཛིན་བྱེད་པ་དེ་ཁྲིམས་འགལ་ཆགས་ཀྱི་ཡོད། བྱིས་པ་ཞིག་གི་ཨ་ཕས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བར་བསྙད་ནས་བྱིས་པ་དེ་སློབ་གྲྭ་ལ་ཞུགས་མི་ཆོག་པའི་ཉེས་པ་གཏོང་བ་ནི་ཚུལ་དང་མཐུན་པ་ཞིག་གཏན་ནས་མ་ཡིན། རྒྱ་གཞུང་དབང་འཛིན་པ་ཚོས་བོད་མི་ཚོས་སྡུག་བསྔལ་དངོས་བརྗོད་པར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགལ་བའི་ཉེས་ཁྲིམས་བཀལ་ནས་སྣང་མེད་དུ་འཇོག་ཐབས་མེད།
འདི་ག་ལྟེ་གནས་ཁང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱ་གཞུང་ལ་གནོན་ཤུགས་ནན་པོ་སྤྲོད་ནས་གཞོན་ནུ་དཔལ་ལྡན་ལ་སྡུག་པོ་གཏོང་བའི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། རྒྱ་གཞུང་དབང་འཛིན་པ་ཚོས་ད་བར་སྡུག་སྦྱོང་མནར་གཅོད་མྱངས་བའི་གཞོན་ནུ་དཔལ་ལྡན་གྱི་གཞི་རྩའི་རང་དབང་དང་ཐོབ་ཐང་རྡོག་རོལ་གཏོང་བ་ངེས་པར་དུ་མཚམས་འཇོག་དགོས་ཀྱི་ཡོད། གཞོན་ནུ་དཔལ་ལྡན་ནི་རང་ཉིད་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱད་པའི་ཉེར་ལེན་གྱིས་མནར་གཅོད་དང་བཙོན་འཇུག་མྱོང་མཁན་ཞིག་ཡིན་ལ། ཁོང་གི་བུ་མོ་རྣམ་རྒྱལ་སྒྲོལ་མ་ནི་ཁོང་གིས་ཆབ་སྲིད་ཀྱི་ལས་བརྩམས་པར་བསྙད་ནས་སློབ་གྲྭར་ཞུགས་མ་བཅུག་པར་ཤེས་ཡོན་སློབ་གཉེར་གྱི་ཐོབ་ཐང་མེད་པར་གྱུར་ཡོད།

Check Also

རུལ་སུངས་ཐེར་འདོན་པ་གྲགས་ཅན་ཁོང་ལ་ཁྲིམས་བཤེར་མ་བརྒྱུད་པར་མུ་མཐུད་བཀག་ཉར་བྱས་རྐྱེན་ས་གནས་བོད་མིས་ཁོང་གློད་གྲོལ་གཏོང་དགོས་བའི་འབོད་སྐུལ་ཞུས།

འདས་ལོའི་ཕྱི་ཟླ་༩ བ་ནས་བཟུང་མགོ་ལོག་དགའ་བདེ་རྫོང་སྤྱི་བདེ་མི་སྣས་ས་གནས་སྲིད་གཞུང་གི་རུལ་སུངས་ཐེར་འདོན་པ་གང་བྱུང་བཀག་ཉར་བྱས་སྟབས། བོད་མི་བརྒྱ་ཕྲག་མང་པོས་ལག་སོན་ཞུ་ཡིག་གསུམ་ཕུལ་ནས་ཁོང་མྱུར་དུ་གློད་གྲོལ་གཏོང་དགོས་པའི་ཞུ་འབོད་གནང་ཡོད། ན་ནིང་ཕྱི་ཟླ་༩ ཚེས་༤ ཉིན་གྱི་ཕྱི་དྲོར་དགའ་བདེ་རྫོང་སྤྱི་བདེ་མི་སྣས་མཚོ་སྔོན་མགོ་ལོག་གི་མགྱོགས་བགྲོད་གཞུང་ལམ་ཁར་རང་ལོ་༤༧ ཡིན་པའི་ཨ་ཉ་སེང་སྒྲ་གང་བྱུང་འཛིན་བཟུང་གིས་གཅར་རྡུང་དང་བཀག་ཉར་བྱས་ཡོད་པ་རེད། གོང་ཞུས་ཞུ་ཡིག་དེ་དག་ལ་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་དང་གོང་སྨད་ཡུལ་ཚོ། གངས་ལུང་ཡུལ་ཚོ་བཅས་ཀྱི་ས་གནས་མི་མང་གིས་མིང་རྟགས་བཀོད་ནས་ཞུ་འབོད་གནང་འདུག ཞུ་ཡིག་དེ་དག་གིས་རང་མིན་ཉེ་ཆར་འདི་ག་ལྟེ་གནས་ཁང་ནས་རྒྱ་གཞུང་གིས་རུལ་སུངས་ཐེར་འདོན་པ་ཨ་ཉ་སེང་སྒྲར་ཁྲིམས་བཤེར་མ་བརྒྱུད་པར་ཉེས་འཛུགས་བཀག་ཉེར་བྱས་པ་དེ་ནི་སྤྱི་ཚོགས་ནང་དཀྲུག་རྐྱེན་བཟོས་པ་ཞེས་པའི་ནག་མེད་ཉེས་འཛུགས་དང་འབྲེལ་བ་ཅི་ཡང་མེད་པའི་གནས་ཚུལ་སྤེལ་བ་དེ་བདེན་དཔུང་ར་སྤྲོད་བྱས་ཡོད། ཨ་ཉ་སེང་སྒྲའི་འཐབ་རྩོད་དེ་ནི། མང་ཚོགས་ཀྱི་སྤྱི་དངུལ་ཧམ་ཟ་བྱེད་མཁན་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོར་མཚོན་ན་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད་པ་རེད། ཨ་ཉ་སེང་སྒྲས་གོང་རིམ་དཔོན་རིགས་ཚོར་ཞུ་གཏུག་གནང་བ་བརྒྱུད་ནས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་ཡོད་ནའང་། ཁོང་ལ་ཁྲིམས་བཤེར་མ་བརྒྱུད་པར་མུ་མཐུད་བཀག་ཉར་བྱས་པ་དེ་ནི་ཁྲིམས་མཐུན་ཡིན་མིན་ས་གནས་བོད་མིས་དོགས་གཞི་གནང་མུས་ཡིན་པ་རེད། དཔེར་ན། …

Leave a Reply

Your email address will not be published. Required fields are marked *