Sunday , November 19 2017
Home / གསར་འགྱུར། / མང་གཙོ་གོ་རྟོགས་གོང་འཕེལ་གཏོང་བའི་ལས་འགུལ།

མང་གཙོ་གོ་རྟོགས་གོང་འཕེལ་གཏོང་བའི་ལས་འགུལ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་མཉམ་འབྲེལ་ཐོག་ནས། དེ་རིང་བཙན་བྱོལ་བོད་མིའི་མང་གཙོའི་གོ་རྟོགས་དང་གོང་འཕེལ། ཡར་རྒྱས་ཀྱི་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་ལས་འགུལ་ཞིག་སྤེལ་རྒྱུ།

བྱེད་སྒོའི་ལམ་ནས་མི་མང་གིས་དོ་སྣང་དང་ཡ་རྒྱས་ཐུབ་ཆེད། སྤྱི་དམངས་ཀྱི་ཁེ་དབང་ལོངས་སུ་སྤྱོད་པའི་བགྲོ་གླེང་ཐོག་ནས། བཙན་བྱོལ་བོད་མིའི་འོས་བསྡུ་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་ལ་བསྐྱར་བཅོས་སོགས་འཕོ་འགྱུར་བྱུང་ན། མ་འོངས་པར་མང་གཙོའི་ཁ་ཕྱོགས་ལ་ཡང་འཕོ་འགྱུར་ཐེབ་ངེས་ལ་སོང་། ད་ཐེངས་ཀྱི་ལས་འགུལ་གྱི་དམིགས་ཡུལ་ནི། བཙན་བྱོལ་བོད་མིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། དེ་བཞིན་བོད་མི་མང་སྤྱི་འཐུས། མི་མང་སྤྱི་བྱིངས་བཅས་ལ་རྒྱ་ཁབ་ཐུབ་རྒྱུའི་དམིགས་ཚད་བཟུང་ཡོད།

”མང་གཙོའི་སྤྱི་ཚོགས་ཞིག་ཡིན་པའི་ཆ་ནས། ད་ཐེངས་ཀྱི་ལས་འགུལ་འདི་བརྒྱུད་ནས་ཚོགས་པ་དང་མི་མང་སྤྱི་བྱིངས། གཞུང་བཅས་དབར་གྱི་འབྲེལ་བ་དམ་ཟབ་དང་། བོད་མི་མང་སྤྱི་འཐུས་རྣམ་པས་མཁྱེན་རྟོག་ཆེད་། ང་ཚོས་འོས་བསྡུ་དང་འབྲེལ་བའི་མི་མང་གི་མངོན་འདོད་གང་ཡིན་པ་རྣམས་མགྲིན་ཚབ་ལྟ་བུ་ཞུ་རྒྱུ།”ཞེས་དང་། ”དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་འོས་བསྡུ་དང་འབྲེལ་བའི་ཁྲིམས་སྒྲིག་བསྐྱར་བཅོས་ཇི་ལྟར་བྱ་དགོས་མིན་ཐད་ལ་ནུས་ཤུགས་དང་གེ་མཚན་ཡང་ལྡན་ཡོད་པ་རེད།”ཅེས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་གསུངས་ཡོད།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་གསུངས་གསལ། “འོས་བསྡུའི་ཁེ་དབང་ཡང་དག་པ་ཞིག་ཡོང་རྒྱུར་ཁྲིམས་སྒྲིག་ཁ་གསལ་གོ་བདེ་ཞིག་དགོས་པ་དང་། དེ་བཞིན་འཛིན་སྐྱོང་གྱིས་གནོན་ཤུགས་མེད་པར་རང་དབང་གི་ཐོག་ནས་འོས་བསྡུ་ལས་ཁང་ནས་མི་མང་ལ་བརྡ་ཁྱབ་ཁ་གསལ་སྤྲོད་ཐུབ་པ་ཞིག་དང་། དེ་བཞིན་ང་ཚོའི་ཉམས་མྱོང་ལ་གཞིགས་ན། བཙན་བྱོལ་སྤྱི་ཚོགས་ནང་གི་མང་གཙོའི་གོ་རྟོགས་གོང་འཕེལ་བཏང་ན། འོས་མི་རྣམས་ཀྱི་ཤེས་འབྱོན་ཇི་ཡོད་མི་མང་གིས་ཤེས་རྟོག་ཐུབ་ཏེ་འོས་མི་ཡག་པོ་ཞིག་འོས་ཐོན་ཐུབ་རྒྱུའི་དགེ་མཚན་ཆེན་པོ་ལྡན་ཡོད།”ཅེས་གསུངས།

འདི་ལོའི་ཕྱི་ཟླ་ ༧ པའི་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་དང་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་མཉམ་འབྲེལ་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་བདུན་ཕྲག་གཉིས་ཀྱི་རིང་”མང་གཙོ།”ཞེས་པའི་བརྗོད་གཞིའི་ཐོག་བོད་མིའི་མང་གཙོའི་གོ་རྟོགས་གོང་སྤེལ་ཆེད་བསྐོར་བསྐྱོད་ཀྱི་ལམ་ནས། མི་མང་གི་མངོན་འདོད་གང་ཡིན་ཐད་བགྲོ་གླེང་གནང་ནས་མང་གཙོར་འགྱུར་བཅོས་དང་ནུས་སྟོབས་གོང་འཕེལ་ཆེད་ལས་འགུལ་ཞིག་ཀྱང་སྤེལ་ཡོད། སྐབས་དེར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལས་བྱེད། བསྟན་འཛིན་ཟླ་བ་དང་། བསྟན་འཛིན་ཉི་མ། ཁྲི་སོང་རྡོ་རྗེ་གསུམ་དང་། པར་པ་ཕུལ་བྱུང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་བཅས་ནས། བོད་མིའི་གནས་སྡོད་ཁུལ་ལྡེ་ར་ལྡུན་དང་། ལྡི་ལི། མོང་ཀོ་ཌི། བྷེལ་ཀོབ། བྷེང་ལོར། ཨོ་རི་ས་བཅས་སུ་ལས་འགུལ་དེ་སྤེལ་ཡོད་པ་རེད།

སྐབས་དེར་བརྙན་ལེན་བྱས་པ་རྣམས་འདི་ཟླའི་ཚེས་ ༢ ཉིན་ནས་ཚོགས་པ་གཉིས་ཀྱི་དྲ་རྒྱའི་ཐོག་ནས་གཟིགས་ཐུབ་པ་ཞུ་རྒྱུ་དང་། སྐབས་དེར་དཔྱད་ཞིབ་བྱས་པའི་གྲུབ་དོན་ནི། མི་མང་བརྒྱ་ཆ་ ༧༤ ཡིས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཐེངས་གཉིས་ཀྱི་གནང་ལམ་སྔར་མུས་བཞིན་གནང་དགོས་པ་དང་། བརྒྱ་ཆ་ ༧༤ གྱིས་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་འདོན་རྒྱུའི་དུས་ཡུན་ཐུང་དུ་གཏོང་དགོས་ཞེས་དང་། བརྒྱ་ཆ་ ༥༤ ཡིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དུས་གཅིག་ཏུ་བྱས་པ་དེས་དཀའ་ངལ་མེད་ཚུལ་དང་། བརྒྱ་ཆ་ ༧༠ གྱིས་གྲྭ་བཙུན་ལ་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པ་དེ། མང་གཙོའི་འགྲོ་ལུགས་དང་མི་མཐུན་པའི་གཟིགས་ཚུལ་ཡོད་པ་དང་། བརྒྱ་ཆ་ ༥༧ གྱིས་གྲྭ་བཙུན་ཆབ་སྲིད་ཀྱི་ནང་ཞུགས་པ་དེས་དཀའ་ངལ་མེད་པའི་གཟིགས་ཚུལ་བཅས་བྱུང་ཡོད།

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟི་གནས་ཁང་ནས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་གོ་རྟོགས་གོང་མཐོར་གཏོང་རྒྱུ། དེ་བཞིན་ནམ་རྒྱུན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཤེས་རྟོག་དང་ཉམས་ཞིབ་བརྒྱུད། དབུས་ནས་ལས་ཞུ་གཏུག་སོགས་ལས་འགུལ་སྤེལ་ནས། མང་གཙོར་དོ་སྣང་དང་། འགྲོ་བ་མིའི་ཐོབ་ཐང་ལ་རྩི་མཐོང་། འོས་བསྡུའི་ཁེ་དབང་མི་མང་གིས་ལོངས་སྤྱོད་ཐུབ་པ་བྱེད་བཞིན་ཡོད།

བོད་ཀྱི་བུད་མེད་ལྷན་ཚོགས་ནས། བཙན་བྱོན་ནང་གི་བོད་ཀྱི་བུད་མེད་ཚོར་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར། ཤེས་ཡོན་བཅས་ཀྱི་ཐོག་ནུས་སྟོབས་གོང་འཕེལ་གཏོང་རྒྱུ། སྤྱི་ལོ་ ༢༠༠༥ ནས་བཟུང་མི་མང་ལ་འོས་བསྡུ་དང་འབྲེལ་བའི་ཐོག་དོ་སྣང་སླེབས་ཆེད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཟབ་སྦྱོང་ཐེངས་མང་ཕུལ་ཡོད། དེ་བཞིན་འཛམ་གླིང་ཡུལ་གྲུ་རྒྱ་གར་དང་། བལ་ཡུལ། ཡུ་རོབ། ཉི་ཧོང་། ཨོ་སི་ཀྲོ་ལི་ཡ། སུ་ཛྷི་ལན་ཌི། ཨ་རི། ཁ་ན་ཌ་བཅས་རྒྱལ་ཁབ་ཁག་གི་ནང་བོད་ཀྱི་བུད་མེད་ཚོགས་པའི་ཡན་ལག་ ༥༨ ཡོད་པ་བཅས་སོ།།་

རྙེན་འདིར་གཟིགས་རོག།

 

About Tibetan Section TCHRD

Check Also

རྒྱ་གཞུང་གིས་བཀག་བསྡོམས་བྱས་པའི་བོད་ཀྱི་དགེ་འདུན་པ་ཞིག་གི་བརྩམས་ཆོས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དཔར་བསྐྲུན་གྱིས་དབུ་འབྱེད་བྱས་པ།

ཐེངས་འདིར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གནས་བཞུགས་དགེ་འདུན་པ་ཀླུ་དཀོན་མཆོག་རྒྱ་མཚོས་བྲིས་པའི་དེབ་<<ཉིན་ཞག་ང་བཞི།>>ཞེས་པ་དཔར་བསྐྲུན་བྱ་རྒྱུ་བྱུང་བར་དགའ་བོ་བྱུང་། དེབ་འདིའི་ནང་རྩོམ་པ་པོ་ཁོང་གིས་ཕྱི་ལོ་༡༩༩༤ ལོར་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་དུ་ཡོང་བའི་ལམ་བར་གྱི་འཇིགས་སྐྲག་དང་། ཉེན་ཁ། དཀའ་ཚེགས་ཆེ་བའི་འགྲུལ་བཞུད་བཅས་ཀྱི་མྱོང་ཚོར། བོད་མིའི་བླ་ན་མེད་པའི་སྐྱབས་གནས་༧་སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཚུལ། བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང་སྟེ་ཕྱི་ལོ་༢༠༠༠ ལོ་ཕྱིར་བོད་དུ་ལོག་པ། དེ་བཞིན་ཕྱི་ལོ་༢༠༡༥ ལོར་དེབ་འདི་བརྩམས་གྲུབ་པ་བྱས་པའི་རིམ་པ་དང་གནས་ཚུལ་ཞིབ་ཕྲ་འཁོད་ཡོད།    ཀླུ་དཀོན་མཆོག་རྒྱ་མཚོ་ནི་མདོ་སྨད་གཅན་ཚའི་ཡུལ་གྱི་ལ་མོ་བདེ་ཆེན་དགོན་པའི་གྲྭ་བ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༧ ཉིན་ཁོང་གིས་དེབ་འདི་དཔར་བསྐྲུན་བྱ་རྩིས་བྱས་པར་བརྟེན་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད། མཚན་གུང་ཆུ་ཚོད་གཉིས་པ་ཙམ་ལ་གཅན་ཚ་རྫོང་གི་སྤྱི་བདེ་མི་སྣ་ཁོང་གི་ཁྱིམ་ལ་འཛུལ་ནས་སྔོག་གཤེར་གྱིས་ཁ་པར་དང་གློག་ཀླད་གཞུང་བཞེས་བཏང་བ་མ་ཟད། གཅན་ཚ་རྫོང་སྤྱི་བདེ་ལས་ཁུངས་སུ་ཁྲིད་དེ་འདྲི་རྩད་བྱས་ཤིང་། ...