Sunday , November 19 2017
Home / གསར་འགྱུར། / འཆིང་ཐག་དམ་དུ་གཏོང་བ། རྒྱ་དམར་གུང་ཁྲན་དམར་ཤོག་ཚོགས་པའི་གནས་ཡོད་ཀྱི་ཏང་མི་བོད་ཀྱི་ནང་པའི་ཆོས་སྡེ་ཆེན་མོ་གསེར་རྟ་བླ་རུང་སྒར་གྱི་དོ་དམ་པར་བསྐོ་གཞག་བྱེད་པ།

འཆིང་ཐག་དམ་དུ་གཏོང་བ། རྒྱ་དམར་གུང་ཁྲན་དམར་ཤོག་ཚོགས་པའི་གནས་ཡོད་ཀྱི་ཏང་མི་བོད་ཀྱི་ནང་པའི་ཆོས་སྡེ་ཆེན་མོ་གསེར་རྟ་བླ་རུང་སྒར་གྱི་དོ་དམ་པར་བསྐོ་གཞག་བྱེད་པ།

རྒྱ་གཞུང་དབང་འཛིན་པས་གུང་ཁྲན་དམར་ཤོག་གི་ཏང་མི་གནས་ཡོད་ཀྱི་མི་སྣ་བོད་ཀྱི་ཆོས་སྡེ་ཆེན་མོ་གསེར་རྟ་བླ་རུང་སྒར་དུ་སྟངས་འཛིན་བྱེད་པོར་བསྐོ་གཞག་བྱས་པའི་བརྒྱུད་བསྒྲགས་བྱས་ཅིང་། ཏང་མི་དེ་དག་གི་ལས་འགན་ནི་ཆོས་སྡེ་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཉིན་རེའི་ལས་དོན་དང་བྱེད་སྒོ་ཁག་ལ་ཐད་ཀར་སྟངས་འཛིན་བྱ་རྒྱུའི་དབང་ཚད་སྤྲད་ཡོད། ཆོས་སྡེ་ཆེན་མོ་དེ་ནི། བོད་མདོ་སྨད་ཟེ་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཟེར་བའི་གསེར་རྟར་ཆགས་ཡོད།

ཕྱི་ལོ་ ༢༠༡༦ ཟླ་ ༧ ནས་ཆོས་སྡེ་བླ་རུང་སྒར་དུ་གྲྭ་བཙུན་གྱི་གཟིམས་ཤག་གཏོར་བཤིག་དང་གྲྭ་བཙུན་ཕྱིར་འབུད་གཏོང་བའི་ལས་འགུལ་དེ་འགོ་བཙུགས་པ་དང་། འདི་ལོའི་ཕྱི་ཟླ་ ༥ པའི་ཟླ་སྟོད་དུ་རྒྱ་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་སྟབས་བདེ་ཡོང་ཆེད་དུ་གྲྭ་བཙུན་ཕྱིར་འབུད་དང་གཟིམས་ཤག་གཏོར་བཤིག་བཏང་ཡུལ་རྣམས་སུ་འགྲོ་ལམ་འཛུགས་སྐྲུན་བྱས་ཡོད།

དེ་ནི་སྔ་ལོ་དོན་ཚན་བརྒྱད་ཅན་གྱི་ཡིག་ཆར་རྩ་འཛིན་བྱས་ནས་རྒྱ་གཞུང་གིས་གུང་ཁྲན་ཏང་མི་བསྐོ་གཞག་བྱས་པ་ཞིག་ཡིན་པ་མ་ཟད། གྲྭ་བཙུན་ཕྱིར་འབུད་དང་བཟིམས་ཤག་ ༥༠༠༠ གཏོར་བཤིག་གཏོང་རྒྱུ་སོགས་ཀྱི་གནད་དོན་ཡང་དེར་བཀོད་ཡོད། རྒྱ་གཞུང་གིས་ཆེད་བཙུགས་བྱས་པའི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་དང་། རྒྱ་ནག་སྲིད་གཞུང་གི་ལས་བྱེད་པས་ཆོས་སྡེ་དེའི་ལས་དོན་ཡོང་རྫོགས་ཐག་གཅོད་བྱ་ཆོག་རྒྱུའི་དབང་ཚད་ཡོད་པ་བརྒྱུད་བསྒྲགས་ཀྱང་བྱས་ཡོད། དེ་ནི་སྤྱི་ཚོགས་དོ་དམ་དང་སྤྱི་ཚོགས་ཞབས་ཞུའི་དོ་དམ་ཡིན་པ་བཤད་ཡོད་ཀྱང་། དོན་དངོས་སུ་དགོན་སྡེའི་ནང་རྒྱ་གཞུང་གི་བཙན་ཤུགས་ཀྱིས་ཐེ་ཇུས་བྱ་བདེའི་ཆེད་དང་། ལངས་ཕྱོགས་དང་མི་མཐུན་པ་རྣམས་ལ་བཙན་གནོན་བྱ་རྒྱུའི་ཆེད་དུ་ཡིན་པ་དང་། དེ་བཞིན་སྤྱི་ཚོགས་དོ་དམ་དང་ཞབས་ཞུ་ཟེར་བ་ཁ་གཡར་ནས་ཆོས་སྡེ་བླ་རུང་སྒར་གྱི་ནང་རྒྱ་གཞུང་གི་བཙན་ཤུགས་ཇི་ཆེར་གཏོང་རྒྱུའི་དམིགས་ཡུལ་བཟུང་བཞིན་ཡོད།

དེ་ཡང་ཕྱི་ཟླ་བ་ ༨ པའི་ཚེས་ ༢༠ ལ་དཀར་མཛེས་བོད་རིགས་རང་སྐྱོང་ཟེར་བའི་གནས་ཡོད་ཀྱི་མི་སྣ་ ༦ ལས་གྲུབ་པའི་ལས་དོན་རུ་མི་མངགས་གཏོང་བྱས་པའི་བརྒྱུད་བསྒྲགས་བྱས་ཡོད་པ་དང་། མི་སྣ་དེའི་ནང་སྐྱེས་པ་ ༥ དང་བུད་མེད་ ༡ ཡོད་པ་ཚང་མ་བོད་རིགས་ཡིན། མི་སྣ་དྲུག་པོ་ནས་ ༣ གྱིས་བླ་རུང་སྒར་ལྔ་རིག་ནང་སྟན་སློབ་གླིང་ལ་སྟངས་འཛིན་བྱ་རྒྱུ་དང་། གཞན་ ༣ གྱིས་ཆོས་སྡེ་བླ་རུང་སྒར་གྱིས་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་མགོ་འཛིན་བྱ་རྒྱུ་ཡིན་པ་རེད།

མི་སྣ་དེ་དག་ནས་གྲགས་པ། ད་ལྟ་ཁུལ་སྤྱི་བདེ་ཅུས་ཏང་ཨུས་ཀྱི་ཨུ་ཡོན་དང་ཅུས་ཀྲང་གཞོན་པ། ༢༠༡༠ ལོར་ད་ལྟའི་ལས་གནས་དང་། ༢༠༠༧ ལོར་ད་ལྟའི་གོ་གནས་དུ་བསྐོས། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ཏང་ཨུས་ཀྱི་ཧྲོའུ་ཅི་(དམར་ཤོག་ཚོགས་པའི་དྲུང་ཆེ།)དང་། སློབ་གླིང་གི་ཡོན་ཀྲང་དུ་བསྐོ་འཆར།

དོན་གྲུབ་བཀྲ་ཤིས། ད་ལྟའི་ལས་གནས་བརྒྱད་ཟུར་(Ch: Jiulong) རྫོང་ཨུས་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་གཞོན་པ། མི་རིགས་ཆོས་དོན་ཅུས་ཀྱི་ཅུས་ཀྲང། ཕྱི་ལོ་ ༢༠༡༧ ལོའི་ཟླ་བ་ ༢ པའི་ནང་ད་ལྟའི་ལས་གནས་དང་། ༢༠༡༡ ལོར་ད་ལྟའི་གོ་གནས་སུ་བསྐོས། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་ཏང་ཨུས་ཀྱི་ཧྲོའུ་ཅི་གཞོན་པ་དང་ཡོན་ཀྲང་གཞོན་པར་བསྐོ་འཆར།

ལོ་ཁང་པུན། ད་ལྟའི་ལས་གནས་ཁུལ་བོད་རིག་པའི་ཞིབ་འཇུག་པ་དང་། རྩོམ་སྒྲིག་པ། ཡིག་སྒྱུར་ལྟེ་གནས་དཔེ་མཛོད་ཡིག་ཚགས་ཁང་གི་ཁ་ཀྲང་། ༢༠༡༤ ལོར་ད་ལྟའི་ལས་གནས་དང་། ༢༠༡༡ ལོར་ད་ལྟའི་གོ་གནས་སུ་བསྐོས། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ཏང་ཨུས་ཀྱི་ཧྲོའུ་ཅི་གཞོན་པ་དང་ཡོན་ཀྲང་གཞོན་པར་བསྐོ་འཆར།

དར་རྒྱ་᪠ཀྲ་ཤིས་ཚེ་རིང་དང་། བསོད་མ་ཆོས་འཕེལ། བསོད་ནམས་གཡང་འཛོམས་བཅས་ཀྱིས་ཆོས་སྡེ་བླ་རུང་སྒར་གྱི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་འཛིན་སྐྱོང་ཐོག་སྟངས་འཛིན་བྱ་རྒྱུ་ཡིན་པ་རེད།

དར་རྒྱས་བཀྲ་ཤིས་ཚེ་རིང་། ད་ལྟའི་ལས་གནས་ཏུད་ཀྲང་(སྡེ་དཔོན་)རྫོང་ཨུས་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཧྲོའུ་ཅི་གཞོན་པ། ༢༠༡༦ ལོར་ད་ལྟའི་ལས་གནས་དང་། ༢༠༡༡ ལོར་ད་ལྟའི་གོ་གནས་སུ་བསྐོས། བླ་རུང་སྒར་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཧྲོའུ་ཅི་དང་། ཀྲོ་རིན་གཞོན་པར་བསྐོ་འཆར།

བསོད་ནམས་ཆོས་འཕེལ། ད་ལྟ་གསེར་རྟ་རྫོང་གི་རྫོང་ཨུས་ཀྱི་ཧྲོའུ་ཅི་གཞོན་པ། (དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ།) ༢༠༡༦ ལོར་ད་ལྟའི་ལས་གནས་དང་། ༢༠༡༡ ལོར་ད་ལྟའི་གོ་གནས་སུ་བསྐོས། བླ་རུང་སྒར་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཧྲོའུ་ཅི་དང་། ཀྲོ་རིན་དུ་བསྐོ་འཆར།

བསོད་ནམས་གཡང་འཛོམས། ད་ལྟ་ལི་ཐང་རྫོང་མཚོ་གསུམ་ཤང་ཏང་ཨུས་ཀྱི་ཧྲོའུ་ཅི། ༢༠༡༥ ལོར་ད་ལྟའི་ལས་གནས་དང་། ༢༠༡༤ ལོར་ད་ལྟའི་གོ་གནས་སུ་བསྐོས། བླ་རུང་སྒར་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཧྲོ་ཅི་གཞོན་པ་དང་། ཀྲུ་རིན་གཞོན་པར་བསྐོ་འཆར་བཅས། མི་སྣ་དེ་དག་བསྐོ་གཞག་བྱས་པ་དེ་ནི་ཆོས་སྡེ་བླ་རུང་སྒར་དུ་མི་འབོར་ཉུང་དུ་གཏོང་རྒྱུའི་ཆེད་དུ་ཡིན་པ་རེད།

དེ་ནི་ན་ནིང་རྒྱ་གཞུང་གིས་བརྒྱུད་བསྒྲགས་བྱས་པར་ཆོས་སྡེ་དེའི་ནང་དགེ་འདུན་པ་ ༥༠༠༠ ནས་ ༢༠༠༠ ལ་ཉུང་དུ་གཏོང་རྒྱུ་དང་། པདྨ་མཁའ་འགྲོ་འདུ་གླིང་དུ་བཙུན་མ་ ༣༠༠༠ ཉུང་དུ་གཏོང་རྒྱུ། བླ་རུང་སྒར་དུ་ཡོད་པའི་བཙུན་དགོན་དེ་ནི་དགོན་པ་མ་ཡིན་པར་སློབ་གཉེར་ཁང་གི་ཁོངས་སུ་དེབ་བསྐྱེལ་བྱས་ཡོད་པས། དེར་ཡང་རྒྱ་གཞུང་གིས་དགོན་བདེ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཡོད།

དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ནི་སྤྱི་ལོ་ ༢༠༡༡ ལོར་བཙུགས་པ་ཞིག་ཡིན་ལ། དེ་ནི་རྒྱ་གཞུང་གི་བཀོད་སྡོམ་འོག་དགོན་སྡེའི་ནང་བརྟན་ལྷིང་དང་འཆམ་མཐུན། རྒྱལ་གཅེས་ཁྲིམས་སྲུང་ཡོང་རྒྱུར་ཆེད་བཙུགས་བྱས་པ་ཞིག་ཡིན་ལ། ཕྱི་ལོ་ ༢༠༡༢ ལོའི་ལོ་སྟོད་དུ་རྒྱ་ནག་གི་གསར་འགོད་པས་བརྗོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༡ ནས་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཁུལ་དུ་དགོན་སྡེ་གྲངས་ ༡༧༨༧ གྱི་ནང་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ཡོད་པ་བཤད་ཡོད། དེ་ལྟར་འཛུགས་དགོས་དོན་ནི་རྒྱ་གཞུང་གི་ཆོས་ལུགས་ལས་དོན་ཅུས་ཟེར་བའི་འགན་འཛིན་ནོར་བུ་དོན་གྲུབ་ཀྱིས་སྙན་ཐོར་གཅིག་མཚུངས་སུ་དགོན་སྡེའི་ཆོས་ལུགས་དར་འཕེལ་དང་གཏན་ལྷིིང་ཡོང་རྒྱུའི་ཆེད་དུ་ཡིན་པ་བཀོད་ཡོད་ལ། ཕྱི་ལོ་ ༢༠༡༤ ལོར་འདི་ག་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟི་གནས་ཁང་ལ་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བ་དེ་བོད་རང་སྐྱོང་ལྗོངས་ཙམ་དུ་མ་ཡིན་པར་དེའི་ཕྱི་ལོགས་སུ་ཡོད་པའི་བོད་རིགས་ཀྱི་ས་ཁུལ་ཁག་ཏུའང་འཛུགས་རྒྱུ་ཡིན་པའི་གནས་ཚུལ་ཁུངས་བཙན་འབྱོར་ཡོད།

དགོན་བདེ་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བ་དེ་བཙུགས་རྗེས་རྒྱ་གཞུང་གིས་དེ་སྔ་བཙུགས་པའི་དགོན་སྡེའི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་ཟེར་བ་དེའི་དབང་ཚད་ཇི་ཞན་གྱུར་ཡོད་པ་དང་། བོད་ཀྱི་དགོན་སྡེ་ཁག་གི་ནང་རྒྱ་གཞུང་གི་བཙན་སྣོན་ཇི་ཤུགས་ཆེ་རུ་བཏང་ཡོད། དེ་སྔ་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་ཟེར་བ་དེས་དགོན་སྡེའི་ནང་གི་བྱེད་སྒོའི་ལས་དོན་ཐ་དག་ལ་སྟངས་འཛིན་བྱེད་ཀྱི་ཡོད་ལ། དམགས་བདག་གི་མི་སྣ་དག་ཀྱང་རྒྱ་གཞུང་གིས་དམིགས་འཛུགས་བྱས་པའི་མི་སྣ་རྣམས་དགོན་སྡེ་སོ་སོའི་ནང་ནས་འོས་བསྡེམས་བྱས་པ་ཞིག་ཡིན་མོས། དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ཟེར་བའི་མི་སྣ་དག་ནི་དེ་ལས་ལྡོག་སྟེ་རྒྱ་གཞུང་ནས་ཐད་ཀར་བསྐོས་མངགས་བྱས་པ་ཤ་སྟག་ཡིན་ལ། དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ཚང་མར་རྒྱ་ནམ་དམར་ཤོག་སྲིད་གཞུང་ནས་ལྟ་སྲུང་ཁང་རེ་ཡང་བཙུགས་ཡོད།

ཆོས་སྡེ་བླ་རུང་སྒར་གྱི་སྒྲིག་འཛུགས་དང་མང་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཆེ་ཐོང་དང་དབང་ཚད་ཞེ་ཞན་ཙམ་དུ་མ་ཟད། དགོན་སྡེར་བཅའ་སྡོད་རྒྱུན་ལས་ཀྱི་ཁོངས་སུ་ལས་ཡུན་ལོ་ངོ་གསུམ་རེའི་མཚམས་མང་གཙོའི་འགྲོ་ལུགས་ལྟ་བུར་འོས་བསྡེམས་བྱས་པའི་དགོན་པའི་མཁན་པོ་བཅུ་ཡོད་ཀྱང་། ཁོང་རྣམས་ཀྱང་རྒྱ་གཞུང་དམར་ཤོག་ཏང་མི་དག་གིས་བཀོད་མངགས་བཞིན་མཐུན་འགྱུར་སྒྲབ་མཁན་ཞིག་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད།

About Tibetan Section TCHRD

Check Also

རྒྱ་གཞུང་གིས་བཀག་བསྡོམས་བྱས་པའི་བོད་ཀྱི་དགེ་འདུན་པ་ཞིག་གི་བརྩམས་ཆོས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དཔར་བསྐྲུན་གྱིས་དབུ་འབྱེད་བྱས་པ།

ཐེངས་འདིར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གནས་བཞུགས་དགེ་འདུན་པ་ཀླུ་དཀོན་མཆོག་རྒྱ་མཚོས་བྲིས་པའི་དེབ་<<ཉིན་ཞག་ང་བཞི།>>ཞེས་པ་དཔར་བསྐྲུན་བྱ་རྒྱུ་བྱུང་བར་དགའ་བོ་བྱུང་། དེབ་འདིའི་ནང་རྩོམ་པ་པོ་ཁོང་གིས་ཕྱི་ལོ་༡༩༩༤ ལོར་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་དུ་ཡོང་བའི་ལམ་བར་གྱི་འཇིགས་སྐྲག་དང་། ཉེན་ཁ། དཀའ་ཚེགས་ཆེ་བའི་འགྲུལ་བཞུད་བཅས་ཀྱི་མྱོང་ཚོར། བོད་མིའི་བླ་ན་མེད་པའི་སྐྱབས་གནས་༧་སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཚུལ། བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང་སྟེ་ཕྱི་ལོ་༢༠༠༠ ལོ་ཕྱིར་བོད་དུ་ལོག་པ། དེ་བཞིན་ཕྱི་ལོ་༢༠༡༥ ལོར་དེབ་འདི་བརྩམས་གྲུབ་པ་བྱས་པའི་རིམ་པ་དང་གནས་ཚུལ་ཞིབ་ཕྲ་འཁོད་ཡོད།    ཀླུ་དཀོན་མཆོག་རྒྱ་མཚོ་ནི་མདོ་སྨད་གཅན་ཚའི་ཡུལ་གྱི་ལ་མོ་བདེ་ཆེན་དགོན་པའི་གྲྭ་བ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༧ ཉིན་ཁོང་གིས་དེབ་འདི་དཔར་བསྐྲུན་བྱ་རྩིས་བྱས་པར་བརྟེན་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད། མཚན་གུང་ཆུ་ཚོད་གཉིས་པ་ཙམ་ལ་གཅན་ཚ་རྫོང་གི་སྤྱི་བདེ་མི་སྣ་ཁོང་གི་ཁྱིམ་ལ་འཛུལ་ནས་སྔོག་གཤེར་གྱིས་ཁ་པར་དང་གློག་ཀླད་གཞུང་བཞེས་བཏང་བ་མ་ཟད། གཅན་ཚ་རྫོང་སྤྱི་བདེ་ལས་ཁུངས་སུ་ཁྲིད་དེ་འདྲི་རྩད་བྱས་ཤིང་། ...