Wednesday , July 26 2017
Home / གསར་འགྱུར། / ཆབ་སྲིད་ལ་བསྙད་ནས་ཁྲིམས་འགལ་ཐོག་ཁྲིམས་ཐག་བཅད་པའི་དགེ་འདུན་པ་གཉིས་གང་མགྱོགས་གློད་གྲོལ་བཏང་དགོས་ཡོད།

ཆབ་སྲིད་ལ་བསྙད་ནས་ཁྲིམས་འགལ་ཐོག་ཁྲིམས་ཐག་བཅད་པའི་དགེ་འདུན་པ་གཉིས་གང་མགྱོགས་གློད་གྲོལ་བཏང་དགོས་ཡོད།

སྔར་ལོའི་ཕྱི་ཟླ་༨ནང་། རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་པས་གློ་བུར་གྲྭ་ཤག་ཏུ་འཛུལ་བ་དང་། དགེ་འདུན་པ་དགེ་འདུན་པ་དགེ་འདུན་གྲགས་པ་དང་བློ་བཟང་ཤེས་རབ་གཉིས་ཀྱི་གདོང་བར་མེ་མདའ་གཏད་ནས་བཙན་འཁྲིད་བྱས་ནས་ད་ལྟའི་བར་ཟླ་བ་བཅུའི་རིང་། ཁྲིམས་འགལ་བཀག་ཉར་བྱས་པ་དང་། ཟླ་འདིའི་ནང་ཁྲིམས་འགལ་གྱི་སྒོ་ནས་ཁྲིམས་ཐག་བཅད་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་དབང་སྒྱུར་གྲལ་རིམ་གྱིས་བོད་ས་བཅད་བགོས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་དུ་ཡོད་པའི་ཐང་སྐོར་སོག་ཚང་དགོན་པའི་གཞུང་གཉེར་དང་དགུང་ལོ་༤༠ཡིན་པའི་དགེ་འདུན་པ་དགེ་འདུན་གྲགས་པ་དང་། དགོན་པའི་གཉེར་ཚང་གི་ལས་བྱེད་དང་དགུང་ལོ་༣༦ཡིན་པའི་བློ་བཟང་ཤེས་རབ་གཉིས་ལ། ཕྱི་ལོ་༢༠༡༧ཟླ་༦ཚེས་༡༧ཡས་མས་ཞིག་ཏུ། རྒྱལ་རོང་ཁྲོ་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ཏེ། ཁོང་གཉིས་ཀྱིས་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པ་དང་། རྒྱལ་ཁབ་ཁ་བྲལ་གྱི་བྱ་འགུལ་སྤེལ་པའི་ནག་ཉེས་ཞེས་ཆབ་སྲིད་ཀྱི་ངོ་བོར་སྒྱུར་ནས། དགེ་འདུན་གྲགས་པ་ལ་ལོ་ལྔ་དང་། བློ་བཟང་ཤེས་རབ་ལ་ལོ་བཞི་ཡི་ཁྲིམས་ཐག་བཅད་ནས་དུས་བཀག་བཙོན་འཇུག་བྱས་ཡོད་འདུག

ཁྲིམས་ར་འཚོགས་ཉིན་དེར། ཁོང་གཉིས་ལ་དག་འབུད་བྱེད་མཁན་གྱི་ཁྲིམས་རྩོད་པ་གླ་རུ་བཅུག་མེད་པ་མ་ཟད། དོ་བདག་སོ་སོའི་ངོས་ནས་དག་སེལ་གྱི་སྐད་ཆའང་བཤད་དབང་སྤྲད་མི་འདུག་ལ། ཕ་མ་སྤུན་མཆེད་སོགས་ཁྲིམས་ར་རུ་ཡོང་དུ་མ་བཅུག་པས། ཟུར་ཉན་བྱེད་མཁན་གཞན་དག་ལའང་ཞིབ་བཤེར་དང་དམ་དྲག་ཤུགས་ཆེར་བྱས་འདུག་ལ། ད་ལྟ་ཁོང་གཉིས་ཀྱི་གཟུགས་གཞི་བདེ་ཐང་ཡིན་མིན་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་<<ཡོངས་ཁྱབ་གསལ་བསྒྲགས་ཀྱི་འགྲོ་བ་མིའི་ཐོབ་ཐང་>>གི་དོན་ཚན་༣ནང་དུ། སྐྱེ་བོ་རེ་རེར་སྲོག་འཚོ་བ་དང་། རང་དབང་ལ་སྤྱོད་པ། རང་ཉིད་སྲུང་སྐྱོབ་བཅས་ཀྱི་ཐོབ་ཐང་ཡོད་ཅེས་དང་། དོན་ཚན་༥ནང་དུ། སྐྱེ་བོ་སུ་ཞིག་ལའང་མནར་གཅོད་དང་སྡུག་སྦྱོང་གཏོང་བའམ། མི་སྤྱོད་ལས་འདས་པ་དང་དམའ་འབེབ་མཐོང་ཆུང་བྱེད་པ། ཁྲིམས་ཉེས་འགེལ་བའི་རིགས་མི ཆིག་ཅེས་དང་། དོན་ཚན་༦ནང་དུ། སྐྱེ་བོ་མང་མ་ཁྲིམས་ཀྱི་མདུན་ས་གང་འདྲ་ཞིག་ཏུའང་འགྲོ་བ་མི་ཞིག་ཡིན་པར་ངོས་འཛིན་དགོས་པའི་ཐོབ་ཐང་ཡོད་ཅེས་དང་། དོན་ཚན་བརྒྱད་པའི་ནང་དུ། སྐྱེ་བོ་རེ་རེར་རྩ་ཁྱིམས་དང་ཁྲིམས་ལུགས་ཐོག་ནས་སྤྲད་པའི་རང་ཉིད་ཀྱི་གཞི་རྩའི་ཐོབ་ཐང་རྡོག་རོལ་བཏང་བའི་བྱ་སྤྱོད་བྱུང་རིགས་ལ། རྒྱལ་ཁབ་ཀྱི་ཁྲིམས་ཁང་ཚད་ལྡན་ཞིག་ནས་ཕན་ནུས་ལྡན་པའི་རོགས་སྐྱོར་བྱ་དགོས་པའི་ཐོབ་ཐང་ཡོད་ཅེས། ༡༩་ང་དུ། སྐྱེ་བོ་རེ་རེར་བསམ་ཚུལ་འཛིན་པ་དང་བཤད་པའི་རང་དབང་ཐོབ་ཐང་ཡོད། ཐོབ་ཐང་འདིའི་ཁོངས་སུ་ཐེ་གཏོགས་བྲལ་བའི་བསམ་ཚུལ་འཛིན་པ་དང་། ས་ཁོངས་དབྱེ་མཚམས་ལ་ལྟོས་མི་དགོས་པར་བརྒྱུད་ལམ་ཅི་རིགས་བརྒྱུད་དེ་རང་དབང་ཐོག་བསམ་ཚུལ་འདོན་པ་དང་། གནས་ཚུལ་འཚོལ་བསྡུ་དང་མཁོ་སྤྲོད་བྱེད་པ་བཅས་ཀྱི་རང་དབང་ཚུད་ཡོད་ཅེས་གསལ་ཡོད་པས། དགེ་འདུན་པ་ཁོང་གཉིས་ཀྱིས་ཕྱི་ཕྱོགས་ལ་འབྲེལ་བ་བྱས་པའི་ཁུངས་སྣེ་གཅིག་ཀྱང་མེད་ཀྱང་། གནས་ཚུལ་སྤྲད་དབང་དུ་བཏང་ཡང་། དེ་ནི་ཁྲིམས་འགལ་ཞིག་གཏན་ནས་ཡིན་ས་མི་འགྲོ་བས། རྒྱ་གཞུང་གིས་བྱེད་བབ་དེ་ནི་ཐད་ཀར་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྡོག་རོལ་བཏང་བ་ཞིག་ཆགས་ཡོད་པ་མ་ཟད། ཁོང་གཉིས་ལ་ཁྲིམས་རྩོད་པ་གླ་རུ་མ་བཅུག་པ་དང་། དག་སེལ་སྐད་ཆ་བཤད་དུ་མ་བཅུག་པ་སོགས་ནི། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་བརྡལ་བཤིག་དང་སྣང་མེད། ཁྲིམས་འགལ་བྱས་པ་ཞིག་ཆགས་ཡོད་པ་ཅེས།

འདི་ག་ལྟེ་གནས་ཁང་གིས་རྒྱ་གཞུང་ལ་གསལ་འདེབས་དང་སྦྲགས། དགེ་འདུན་པ་ཁོང་གཉིསནང་མིའི་བར་ཐུག་འཕྲད་གང་ཡང་མེད་པའི་སྒོ་ནས་ཟླ་བ་བཅུའི་རིང་བཀག་ཉར་བྱས་པ་དང་། ཁྲིམས་ཐག་མ་བཅད་པར་བཞག་པ་བཅས། སྔ་ཕྱིའི་གནས་སྟངས་གང་མང་ཞིག་བརྒྱུད་ནས། དགེ་འདུན་པ་ཁོང་གཉིས་ལ་དྲག་རྡུང་དང་མནར་གཅོད་བཏང་ཡོད་པ་དང་། ད་ལྟ་ཁོང་གཉིས་ཀྱི་ལུས་སེམས་ཀྱི་བདེ་ཐང་གནས་སྟངས་ལ་སེམས་འཚབ་ཡོད་པ་ཡིན་པས། རྒྱ་གཞུང་གིས་ཁྲིམས་མཐུན་གྱི་གོ་རིམ་འོག ཁོང་གཉིས་སྨན་པ་བསྟེན་གཏུགས་ཀྱི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་ཞུ་ཡི་ཡོད། དེ་ནི་དུས་རྒྱུན་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་དུས་རྒྱུན་བོད་མི་འཇུ་བཟུང་གི་གསང་བའི་ཐོག་བཀག་ཉར་གྱི་གནས་སྐབས་སུ། མི་སྤྱོད་པའི་གཅར་རྡུང་ཁོ་ན་སྤྱད་ནས། ནག་ཉེས་མེད་བཞིན་དུ་ནག་ཉེས་མགོ་ལ་གཡོག་ཐབས་དང་། ཐལ་དྲག་པའི་ཚ་འདྲི་ཡི་དབང་གིས་བོད་མི་གང་མང་ཞིག་ནད་པ་བཟོས་པ་དང་། ཐ་ན་རྡུང་རྡེག་དང་མནར་གཅོད་མ་ཐེག་པར་རང་ཤི་རྒྱབ་པའི་གནས་ཚུལ་ཡང་སྔ་ཕྱི་མང་བོ་ཐོན་ཡོད་པས་ཡིན།

འདི་ག་ལྟེ་གནས་ཁང་གིས་ངོས་ནས། དགེ་འདུན་པ་ཁོང་གཉིས་ལ་ཉེས་མེད་ཅིག་ཏུ་ངོས་འཛིན་དང་། རྒྱ་གཞུང་གིས་ཁོང་གཉིས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་གང་མགྱོགས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད།

གནས་ཚུལ་གྱི་རྒྱབ་ལྗོངས།

འདི་ག་ལྟེ་གནས་ཁང་གིས་སྔ་ཕྱི་རུ་བཏོན་པའི་གནས་ཚུལ་ནང་དུ། ཕྱི་ལོ་༢༠༡༦ཟླ་༨ཚེས་༢༤ཉིན་གྱི་མཚན་དཀྱིལ་ཙམ། དགེ་འདུན་གྲགས་པ་དང་བློ་བཟང་ཤེས་རབ་གཉིས་ཀྱི་གྲྭ་ཤག་ཏུ་གློ་བུར་དྲག་ཆས་ཉེན་རྟོག་པ་འཛུལ་པ་དང་། རྒྱུ་མཚན་གང་ཡང་མ་བཤད་པར་གདོང་ལ་མེ་མདའ་ཚད་ནས་བཙན་འཁྲིད་བྱས་ཡོད་འདུག་ལ། སྐབས་དེར་བློ་བཟང་ཤེས་རབ་ཀྱི་ཤག་རོགས་དགེ་འདུན་པ་ཞིག་ལའང་གང་བྱུང་གཅར་རྡུང་གིས་རྨས་སྐྱོན་བཟོས་ཡོད་པ་གསལ་འདུག

ཡང་ཁོང་གཉིས་འཇུ་བཟུང་བྱས་དོན་ནི། དེ་སྔོན་ས་གནས་སྲིད་གཞུང་གིས་སྐ་བར་མའི་གྲོང་ཚོ་ཡི་རྩ་ས་དང་ས་ཁང་བཙན་འཕྲོག་བྱས་པར་ས་གནས་འབྲོག་པ་མང་ཚོགས་ཀྱིས་ཞི་བའི་ངོ་རྒོལ་བྱས་པའི་ཐད་ཀྱི་གནས་ཚུལ་ཕྱི་ཕྱོགས་ལ་བཏང་བར་དོགས་པའི་འོག་འཇུ་བཟུང་བཀག་ཉར་བྱས་པ་ཡིན་ཞིང་། ས་གནས་འབྲོག་པ་མང་ཚོགས་ཀྱིས་ཞུ་གཏུགས་ངོ་རྒོལ་དེ་ནི། ཕྱི་ལོ་ ༢༠༡༠ ལོར་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱི་ས་གནས་རྒྱ་གཞུང་གིས་<མཁར་གྲོང་ལྗང་མདོག་ཅན་དུ་བསྒྱུར་བ>ཞེས་པའི་སྲིད་ཇུས་ལ་ཁ་གཡར་ཏེ། མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ་སྐ་བར་མ་སྡེ་བའི་རྩྭ་ས་མུའུ་ ༤༠༠ དང་། ཁྱིམ་ཚང་ཉི་ཤུ་ལྷག་གི་ས་ཁང་བཅས་བཙན་འཕྲོག་བྱས་པར། ས་གནས་མི་མང་གིས་ཕྱི་ལོ་༢༠༡༥ཟླ་༡ནས་འགོ་བཙུགས་ཀྱིས། སྔ་ཕྱི་ལོ་འཁོར་གཅིག་གི་རིང་ལ། ས་དབང་ཕྱིར་ལོག་དགོས་པའི་ཞི་བའི་སྐད་འབོད་དང་ཞུ་གཏུགས་བྱས་པའི་གནས་ཚུལ་ཞིག་ཆགས་ཡོད་པ་གསལ་པ་མ་ཟད།

ཡང་ཕྱི་ལོ་༢༠༡༥ཟླ་༥ཚེས་༡༥ཉིན། ས་གནས་མང་ཚོགས་ཀྱིས་ས་གནས་འབྲེལ་ཡོད་སྡེ་ཁག་དང་རྫོང་། ཁུལ། ཞིང་ཆེན་བཅས་སུ་རིམ་པར་ཞུ་གཏུགས་ཡང་ཡང་བྱས་ཏེ། ས་གནས་གཞུང་གིས་ཁྲིམས་འགལ་བཙན་འཕྲོག་བྱས་པའི་རྩྭ་ས་དང་ས་ཁང་ཕྱིར་འབྲོག་པ་མང་ཚོགས་ལ་རྩིས་སྤྲོད་དགོས་པ་དང་། ཡང་མིན་ན་དེའི་ཚབ་ཏུ་གུན་གསབ་སྤྲོད་དགོས་པའི་རེ་འདུན་བཏོན་ཡོང་ཀྱང་། ས་གནས་རྒྱ་གཞུང་རིམ་པས་མང་ཚོགས་ཀྱི་དཀའ་ངལ་དེར་ཡ་ལེན་བྱས་མེད་པ་མ་ཟད། དེ་སྔ་མི་ཚང་རེ་འགར་སྤྲོད་བཞིན་པའི་སྐྱོབ་གསོ་རོགས་དངུལ་ཡང་ཕྱིར་བསྡུ་ཡིས་ཉེས་ཆད་བཅད་པ་དང་། ས་གནས་མི་མང་རྣམས་ནས་མུ་མཐུད་ངོ་རྒོལ་བྱས་པར་ས་གནས་སྲིད་གཞུང་གིས་ཟླ་དེའི་ཚེས་༢༠ནས་མ་འགྱངས་པར་གནས་ཚུལ་ཐག་གཅོད་བྱེད་ངེས་ཞེས་ཁས་ལེན་བྱས་ཀྱང་། དུས་བཀག་ཡོལ་ཀྱང་ཡ་ལན་འཁེལ་མ་བྱས་རྐྱེན་མང་ཚོགས་ཀྱིས་སྔར་ལྷག་གཞི་རྒྱ་ཆེ་བའི་ངོ་རྒོལ། ཟླ་དེའི་ཚེས་༢༢་ཉིན། གློ་བུར་དུ་མཛོད་དགེ་རྫོང་དང་རྔ་བ་ཁུལ་ནས་དྲག་ཆས་ཉེན་རྟོག་འབོར་ཆེན་སླེབས་ཏེ། ས་བདག་འབྲོག་པ་ཚོར་གཅར་རྡུང་གང་བྱུང་བཏང་བ་དང་། ཐང་སྐོར་སྐ་བར་མ་སྡེ་བའི་ཞུ་གཏུག་པ་གཙོ་བོ་འཇིགས་བྱེད་སྐྱབས་དང་། ཚེ་དཔག བསོད་ནམ་རྒྱ་མཚོ། ཕུར་ཁོ། རྡོར་བྷེ། བྱི་ཕྲུག ཚེ་རིང་སྐྱབས། པ་ཏྲ། ཚེ་རིང་བཀྲ་ཤིས། ཡེ་ཤེས་བཅས་འཛིན་བཟུང་བཙན་ཁྲིད་བྱས་པ་མ་ཟད། འཇིགས་བྱེད་སྐྱབས་ཀྱི་སྲུང་མོ་ཡིན་པའི་བུ་མོ་མཚོ་སྐྱིད་ཟེར་བའི་བུ་མོ་ཞིག་ལ་གཅར་རྡུང་འཚབ་ཆེན་བཏང་། གོང་གི་བོད་མིའི་ཁྲོད་ནས། ཚེ་རིང་སྐྱབས་དང་། ཚེ་རིང་བཀྲ་ཤིས། པ་ཏྲ། རྡོ་བྷེ། བཀྲ་བྷེ་སོགས་ཕྱི་ཟླ་༡༠ཚེས་༢གློད་གྲོལ་བྱུང་ཡོད་པ་དང། ཡང་ཟླ་དེའི་༡༤ཉིན་རང་ལོ་༦༣ཡིན་པའི་རིན་ཆེན་རྡོ་རྗེ་དང་རང་ལོ་༥༦ཡིན་པ་མ་སྐྱབས་གཉིས་ས་གནས་བཀག་ཉར་ཁང་དུ་བཀག་བསྐྱིལ་བྱས་ནས། ཁོང་གཉིས་ནི་ཞུ་གཏུགས་ཡི་གེ་འབྲི་མཁན་གྱི་གྲས་སུ་ཡོད་པར་བསྙད་ནས། ཕྱི་ལོ ༢༠༡༦ ཟླ་ ༤ ཚེས་ ༡༡ ཉིན། མཛོད་དགེ་རྫོང་མི་དམངས་ཁྲིམས་ཁང་གིས། འཇིགས་བྱེད་སྐྱབས་ལ་ལོ་ ༣ གྱི་དུས་བཅད་བཙོན་འཇུག་དང་། ཕུར་ཁོ་དང་རིན་ཆེན་རྡོ་རྗེ། ཀིརྟི་ཡེ་ཤེས་གསུམ་ལ་ལོ་ ༢ རེའི་དུས་བཅད་བཙོན་འཇུག་དང་། <བསྙད་བརྐོ་ཟིང་སློང་>གི་ཉེས་མིང་འོག་ཁྲིམས་ཐག་བཅད་འདུག་མ་ཟད། ཟླ་ ༦རེའི་བཀག་སྡོམ་དུས་ཡུན་འཕར་སྣོན་ཐོག་<ཉེས་ཆད་ཕྱིར་འགྱངས་ >ཀྱི་ལམ་ལུགས་ལག་ལེན་ལྟར། ཕྱིར་སོ་སོའི་ཁྱིམ་དུ་བསྐྱལ་ཏེ་ཉེན་རྟོག་པས་ལྟ་རྟོག་སྟངས་འཛིན་འོག་རང་ཁྱིམ་དུ་བཀག་སྡོམ་བྱས་ཡོད་འདུག

སྐབས་དེར་དགུང་ལོ་༦༣ཡིན་པ་དང་། ཁྲིམས་ཐག་ལོ་གཉིས་དང་ཕྱེད་ཀ་བཅད་པའི་རིན་ཆེན་རྡོ་རྗེ་ནི་དགེ་འདུན་གྲགས་པའི་ཨ་ཕ་ཡིན་པ་གསལ་འདུག

ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་གྲགས་པ་ལགས་ནི་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་སྡེ་བའི་རིན་རྡོར་ཚང་ནས་ཡིན་པ་དང་། བློ་བཟང་ཤེས་རབ་ལགས་ནི་ཐང་སྐོར་སྒོ་སྐོར་གསེར་ཁྲི་སྡེ་བའི་དབང་འདུས་ཚང་གི་བུ་ཡིན་འདུག

About Tibetan Section TCHRD

Check Also

སྨན་པའི་འགན་འཛིན་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་དང་༸གོང་ས་མཆོག་འབྲེལ་ཆགས་ཀྱི་རྩོམ་ཡིག་བྲིས་རབས་ཀྱི་བསྐྱར་དུ་འཇུ་བཟུང་བྱས་འདུག

འདི་ལོའི་ཕྱི་ཟླ་༢ཚེས་༢༧ཉིན། རྒྱ་གཞུང་གིས་བསྐྱར་དུ་ཨ་མདོ་རྨ་ཆུ་རྫོང་མུ་ར་དགོན་པའི་སྨན་པ་མཁས་གྲུབ་ལགས་བསྐྱར་དུ་འཇུ་བཟུང་གིས་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་འདུག   དེ་ནི་ཉིན་དེར་རྨ་ཆུ་རྫོང་གི་ཉེན་རྟོག་པ་སྐོར་ཅིག་ཁོང་གི་ལས་ཤག་ཏུ་ཡོང་སྟེ།   དེ་སྔ་ཁོང་གློད་གྲོལ་སྐབས་གཞུང་བཞེས་བྱས་ཡོད་པའི་ཁ་པར་དང་ཅ་དངོས་སོགས་ལེན་དུ་འགྲོ་དགོས་རབས།  སྐྱ་ཆོས་གོན་དགོས་པ་བཤད་ནས་བཙན་འཁྲིད་བྱས་ནས་ད་ལྟའི་བར་ཟླ་ངོ་གཉིས་ཙམ་ཕྱིན་འདུག་ཀྱང་། གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་ཙང་།  ཡུལ་མི་རྣམས་ཀྱིས་རྒྱ་གཞུང་གིས་ཁོང་ལ་ཉེས་འགེལ་བྱས་ནས་ཁྲིམས་ཐག་གཅོད་པར་དོགས་ནས་སེམས་ཁྲལ་བྱེད་ཀྱི་ཡོད་འདུག     དགུང་ལོ་༥༠ལྷག་ཙམ་ཡིན་པའི་སྨན་པ་མཁས་གྲུབ་ལགས་རྒྱ་གཞུང་གིས་དེ་སྔ་ཕྱི་ལོ་༢༠༡༦ཟླ་༡༢ཚེས་༡༤ཉིན་གྱི་དགོང་མོའི་ཆུ་ཚོད་༡༡ཡས་མས་ཤིག་ལ། རྨ་ཆུ་རྫོང་གི་འཐབ་རྩོད་གཅིག་གྱུར་གྱི་མི་སྣ་ཁོང་གི་བཞུགས་ཤག་ཏུ་སླེབས་སྟེ་ཁོང་བཙན་འཁྲིད་བྱས་པ་དང་། སྐབས་དེར་བཞུགས་ཤག་ཏུ་ཁོང་གཅིག་པུ་ལས་མེད་ཙང་། ཁོང་གང་དུ་སོང་མིན་ཤེས་རྟོགས་བྱུང་མཁན་མེད་པར་བརྟེན། ཕྱི་ཉིན་མུ་ར་དགོན་པའི་འཛིན་སྐྱོང་དོ་དམ་པ་རྒན་ཚེ་བརྟན་དང་སྨན་པ་མུ་ར་རྒྱ་པ་བཅས་ཁོང་གཉིས། ས་གནས་ཉེན་རྟོག་ཁང་དུ་སོང་སྟེ་སྨན་པ་མཁས་གྲུབ་ལགས་ཀྱི་སྐོར་སྐད་ཆ་འདྲི་སྐབས། ཉེན་རྟོག་ཁང་ནས་དེའི་སྐོར་གང་ཡང་ཤེས་རྟོགས་མེད་སྐོར་བརྗོད་ཡོད་པ་དང་། དེ་ནས་ཁོང་གཉིས་ཀྱིས་སྨན་པ་མཁས་གྲུབ་ཁོང་གློ་བུར་དུ་བརླག་པའི་བརྡ་ཁྱབ་བཏང་སྟེ་ས་གནས་མི་མང་ཡོངས་ནས་འཚོལ་ཞིབ་བྱ་རྒྱུ་ཡིན་ལུགས་བཤད་པ་ན།   ས་གནས་ཉེན་རྟོག་པས་རྫོང་འབྲེལ་ཡོད་ལས་ཁུངས་ལ་ཁ་པར་བཏང་སྟེ་སྐད་ཆ་དྲིས་པ་བརྒྱུད། ཁོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་སྣས་འཛིན་བཟུང་བྱས་ཏེ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པ་བརྗོད་འདུག ཡིན་ནའང་། …

Leave a Reply

Your email address will not be published. Required fields are marked *