Sunday , November 19 2017
Home / གསར་འགྱུར། / དུས་དབང་བཀག་སྡོམ་སྐབས་སུ་བོད་མི་ན་གཞོན་ཞིག་གིས་ཁེར་རྐྱང་ངོ་རྒོལ་གནང་བར་བརྟེན་ནས་འཇུ་བཟུང་བཙོན་འཇུག་བྱས་འདུག

དུས་དབང་བཀག་སྡོམ་སྐབས་སུ་བོད་མི་ན་གཞོན་ཞིག་གིས་ཁེར་རྐྱང་ངོ་རྒོལ་གནང་བར་བརྟེན་ནས་འཇུ་བཟུང་བཙོན་འཇུག་བྱས་འདུག

ཕྱི་ལོ་༢༠༡༧ཟླ་༡ ཚེས་༥ཉིན། བོད་མི་ན་གཞོན་བསོད་ནམས་བཀྲ་ཤིས་ཞེས་པ་ཞིག་གིས་གསེར་རྟའི་ཁྲོམ་གཞུང་དུ་བོད་ལ་རང་དབང་དགོས། ༸གོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག་ཅེས་ཁེར་རྐྱང་ངོ་རྒོལ་གནང་འདུག

བསོད་ནམས་བཀྲ་ཤིས།

ཕྱི་ཟླ་༡ཚེས་༣ནས་༡༤བར། ༸གོང་ས་མཆོག་གིས་རྒྱ་གར་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་༣༤དེ་ཉིད་གནང་བཞིན་པའི་ཁ་ཐུག་དེར། རྒྱ་གཞུང་གིས་བོད་ཁུལ་ཡོངས་ལ་ལྟ་རྟོག་དོ་ནན་དང་། བོད་མིའི་འགྲོ་བསྐྱོད་ལ་དམ་དྲག་ཤུགས་ཆེར་བྱས་ནས།  རྒྱ་གར་དང་བལ་ཡུལ་དུ་སླེབས་ཟིན་པའི་བོད་མི་རྣམས་ཕར་བོད་དུ་ལོག་དགོས་པའི་འབོད་འགུགས་དང་། ལོག་མ་ཡོང་ཚེ་ཉེས་ཆད་གཅོད་རབས་ཀྱི་ཉེན་བརྡ་ཡང་ཡང་སྤྲད་པ་བརྒྱུད། བོད་མི་ཆོས་ཞུ་བ་གང་མང་ཞིག་ཕར་བོད་དུ་ལོག་དགོས་འཁེལ་ཡོད།

ཡང་དེ་དུས་ཏག་ཏག་ལ།  བོད་མི་བསོད་ནམས་བཀྲ་ཤིས་ཞེས་པ་ཞིག་གིས། གཏེར་རྟ་རྫོང་ཐོག་གི་ཁྲོམ་གཞུང་དུ་ཁེར་རྐྱང་ངོ་རྒོལ་གནང་འདུག་ལ། ཁོང་གཅིག་པུས་རླུང་རྟ་གཏོར་ཞོར། ༸རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པོར་ཤོག བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་ནས་ཅུང་མ་འགོར་བར། ས་གནས་ཉེན་རྟོག་པ་གློ་བུར་ཐོན་ནས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་འདུག དེ་ནས་ད་ལྟའི་བར་ཁོང་གི་ནང་མིའི་ངོས་ནས། ཁོང་ཉིད་གང་དུ་འཇུ་བཟུང་བཀག་ཉར་བྱེད་ཡོད་མེད་དང་། ཉེས་འཛུགས་ག་རེ་བྱེད་ཡོད་མེད། འཕྲོད་བསྟེན་གནས་སྟངས་ག་རེ་ཡིན་མིན་སོགས་གང་ཡང་ཤེས་རྟོགས་མ་བྱུང་བར་ལྷག་འདུག  ཡང་གནས་ཚུལ་རྒྲུས་ལོན་བྱས་པ་ལྟར། ཕྱི་ལོ་ལོ་གསར་ནས་བཟུང་། གསེར་རྟ་རྫོང་ཐོག་ཏུ་ཉེན་རྟོག་པ་སྔར་ལས་མང་བ་འགྲེམས་འཇོག་གིས། བོད་མིའི་འགྲོ་འདུག་སྤྲོད་གསུམ་ལ་ལྟ་རྟོག་ནན་པོ་དང་དམ་དྲག་བྱས་པ་མ་ཟད། སྐབས་དེར་སྐད་འཕྲིན་གཙོས་པའི་རྒྱུད་ལམ་ཁག་ཚང་མ་བཀོག་སྡོམ་བྱས་ཡོད་འདུག
རྒྱ་ནག་དབང་སྒྱུར་གྲལ་རིམ་གྱི་བོད་ས་བཅད་བགོས་ལྟར་ན། བསོད་ནམས་བཀྲ་ཤིས་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་གི་གསེར་ཁོག་ཡུལ་ཚོ། ཤོས་ཐལ་སྡེ་བ་ནས་རེད་འདུག

About Tibetan Section TCHRD

Check Also

རྒྱ་གཞུང་གིས་བཀག་བསྡོམས་བྱས་པའི་བོད་ཀྱི་དགེ་འདུན་པ་ཞིག་གི་བརྩམས་ཆོས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་དཔར་བསྐྲུན་གྱིས་དབུ་འབྱེད་བྱས་པ།

ཐེངས་འདིར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་ནང་གནས་བཞུགས་དགེ་འདུན་པ་ཀླུ་དཀོན་མཆོག་རྒྱ་མཚོས་བྲིས་པའི་དེབ་<<ཉིན་ཞག་ང་བཞི།>>ཞེས་པ་དཔར་བསྐྲུན་བྱ་རྒྱུ་བྱུང་བར་དགའ་བོ་བྱུང་། དེབ་འདིའི་ནང་རྩོམ་པ་པོ་ཁོང་གིས་ཕྱི་ལོ་༡༩༩༤ ལོར་ཧི་མ་ལ་ཡ་བརྒལ་ནས་བཙན་བྱོལ་དུ་ཡོང་བའི་ལམ་བར་གྱི་འཇིགས་སྐྲག་དང་། ཉེན་ཁ། དཀའ་ཚེགས་ཆེ་བའི་འགྲུལ་བཞུད་བཅས་ཀྱི་མྱོང་ཚོར། བོད་མིའི་བླ་ན་མེད་པའི་སྐྱབས་གནས་༧་སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཚུལ། བྱེས་ཀྱི་གདན་ས་ཆེན་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་བཀའ་པོད་ལྔར་སློབ་གཉེར་གནང་སྟེ་ཕྱི་ལོ་༢༠༠༠ ལོ་ཕྱིར་བོད་དུ་ལོག་པ། དེ་བཞིན་ཕྱི་ལོ་༢༠༡༥ ལོར་དེབ་འདི་བརྩམས་གྲུབ་པ་བྱས་པའི་རིམ་པ་དང་གནས་ཚུལ་ཞིབ་ཕྲ་འཁོད་ཡོད།    ཀླུ་དཀོན་མཆོག་རྒྱ་མཚོ་ནི་མདོ་སྨད་གཅན་ཚའི་ཡུལ་གྱི་ལ་མོ་བདེ་ཆེན་དགོན་པའི་གྲྭ་བ་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༥ ཟླ་༡༡ ཚེས་༧ ཉིན་ཁོང་གིས་དེབ་འདི་དཔར་བསྐྲུན་བྱ་རྩིས་བྱས་པར་བརྟེན་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད། མཚན་གུང་ཆུ་ཚོད་གཉིས་པ་ཙམ་ལ་གཅན་ཚ་རྫོང་གི་སྤྱི་བདེ་མི་སྣ་ཁོང་གི་ཁྱིམ་ལ་འཛུལ་ནས་སྔོག་གཤེར་གྱིས་ཁ་པར་དང་གློག་ཀླད་གཞུང་བཞེས་བཏང་བ་མ་ཟད། གཅན་ཚ་རྫོང་སྤྱི་བདེ་ལས་ཁུངས་སུ་ཁྲིད་དེ་འདྲི་རྩད་བྱས་ཤིང་། ...