Sunday , November 19 2017
Home / ལོ་འཁོར་སྙན་ཐོ། / ཕྱི་ལོའི་ ༢༠༡༣ ལོའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལོ་འཁོར་སྙན་ཐོ།

ཕྱི་ལོའི་ ༢༠༡༣ ལོའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ལོ་འཁོར་སྙན་ཐོ།

Tib Cover_Page_1ཕྱི་ལོ་ ༢༠༡༣ ནི་རྒྱ་དམར་མགོ་ཁྲིད་གསར་རྙིང་བརྗེ་བོ་བརྒྱབ་རྗེས་ཀྱི་ལོ་དང་པོ་དེ་ཆགས་ཡོད་སྟབས། ཞི་ཅིན་ཕིན་གྱིས་མགོ་ཁྲིད་པའི་རྒྱ་དམར་མགོ་ཁྲིད་གསར་པའི་དུས་ཡུན་རིང་། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་སེར་སྤེལ་བའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་གཙོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད། འགྱུར་བ་ག་འདྲ་ཞིག་ཐེབས་མིན་ཐད་ཚོད་བགམ་དོགས་སློང་སྣ་ཚོགས་ཤིག་བྱེད་བཞིན་ཡོད་པ་རེད། ཡིན་ནའང་། འདས་པའི་ལོ་གཅིག་རིང་བོད་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད་པ་མ་ཟད། དེ་ལས་ལྡོག་སྟེ་བོད་ནང་དམག་མི་དང་ལས་དོན་རུ་ཁག་འབོར་ཆེན་འགྲེམས་འཇོག་ཐོག རྒྱལ་གཅེས་ཆོས་གཅེས་དང་དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ཟེར་བ་སོགས་དྲིལ་བསྒྲགས་སྲིད་ཇུས་སྤེལ་ཤུགས་ཆེ་རུ་བཏང་ཡོད་སྟབས། འདི་ལོ་གཅིག་པུར་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ ༢༧ བྱུང་ཡོད་པ་དང་། བོད་མི་བརྒྱ་ཕྲག་མང་པོ་རྒྱ་གཞུང་གི་འཇུ་བཟུང་བཀག་ཉར་དང་བཙོན་འཇུག་མནར་གཅོད་འོག་ཚུད་ཡོད། དེ་བཞིན། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་འོག་བསྡོད་བཟོད་མ་ཐུབ་པར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་མཁན་ ༡༥༧ བཅས་བྱུང་ཡོད་པ་རེད།

སྤྱིར་བཏང་རྒྱལ་སྤྱིའི་སྒང་འགྲོ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་གནས་ཚད་ཀྱི་གཞི་འཛིན་ས་ནི། རྒྱལ་ཁབ་གང་དེའི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་བཅས་ཀྱི་གནས་སྟངས་ལ་རག་ལས་ཀྱིན་ཡོད་སྟབས། འདི་ག་ལྟེ་གནས་ཁང་གི་ངོས་ནས་བོད་ནང་གི་དངོས་ཡོད་གནས་སྟངས་ཐད་ལ་ཉམས་ཞིབ་བྱས་ཐོག བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་ཀྱི་སྙན་ཐོ་འདི་བཞིན་འདོན་སྤེལ་བྱས་ཡོད་ལ། ལོ་འཁོར་སྙན་ཐོ་འདིའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་འབྱུང་རྐྱེན་དང་དགོན་སྡེ་ཁག་ལ་དམ་དྲག་གྱི་གནས་སྟངས། དེ་བཞིན། རྒྱ་གཞུང་གི་དབང་སྒྱུར་འོག་བོད་ནང་གི་བོད་མིའི་དཔལ་འབྱོར་དང་རིག་གཞུང་། སྤྱི་ཚོགས་ཐོབ་ཐང་གནས་སྟངས་སྐོར་གསལ་འདོན་བྱས་ཡོད་པས། སྙན་ཐོ་འདི་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་དང་།

རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར། དངོས་ཤུགས་བརྒྱུད་གསུམ་ནས་རྒྱ་གཞུང་ལ་གནོན་ཤུགས་དང་སྐུལ་འདེད་ཡོང་བའི་རེ་བ་ཞུ་བཞིན་ཡོད།

ལོ་འཁོར་སྙན་ཐོའི་དྲ་ཐག  http://www.scribd.com/doc/200850090/Annual-Report-Tibetan-2013?secret_password=15ugjrvsxh8ndr5fi127

About Tibetan Section TCHRD

Check Also

ལོ་འཁོར་སྙན་ཐོ། – 2010

ལོ་འཁོར་སྙན་ཐོ། – 2010 by