Friday , September 20 2019
Home / གསར་འགྱུར། / ལྷ་སའི་དགོན་སྡེ་ཁག་ནང་ལག་ཐོག་ཁ་པར་ལ་ཞིབ་བཤེར་དམ་དྲག་བྱེད་ཀྱི་ཡོད་འདུག

ལྷ་སའི་དགོན་སྡེ་ཁག་ནང་ལག་ཐོག་ཁ་པར་ལ་ཞིབ་བཤེར་དམ་དྲག་བྱེད་ཀྱི་ཡོད་འདུག

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱ་གཞུང་གིས་སུམ་བཅུའི་དུས་དྲན་ཐེངས་ ༥༤ པ་དང་སྟབས་བསྟུན་ནས།   ཟླ་འདིའི་ཕྱི་ཚེས་ ༧ ཉིན་ལྷ་ས་ཁུལ་དུ་ལག་ཁྱེར་ཁ་པར་ཐོག་དམིགས་བསལ་ཞིབ་བཤེར་བྱེད་མཁན་བརྡ་འཕྲིན་ཆེད་མཁས་རུ་ཁག་ཅིག་ཆེད་གཏོང་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ཚེས་༨ ཉིན་ལྷ་སའི་གདན་ས་ཁག་གསུམ་གྱི་ཡ་གྱལ་འབྲས་སྤུངས་དགོན་པའི་ནང་རྒྱ་གཞུང་གི་ཞིབ་བཤེར་རུ་ཁག་ཅིག་སླེབས་ཏེ། དགོན་པའི་ནང་ཉིན་ ༤ རིང་གྲྭ་བཙུན་རྣམས་ཀྱི་ལག་ཐོག་ཁ་པར་ལ་ཆེད་དམིགས་ཞིབ་བཤེར་གྱི་ལས་འགུལ་ཞིག་སྤེལ་མགོ་བརྩམས་ཡོད་པ་མ་ཟད།  ཞིབ་བཤེར་ལས་དོན་རུ་ཁག་དེ་རིམ་པས་ལྷ་སའི་སེར་ར་དགོན་པ་དང་དགའ་ལྡན་དགོན་པ། ར་མོ་ཆེ། གཙུགས་ལག་ཁང་། དེ་མིན་གྱི་དགོན་པ་གཞན་ཁག་གི་ནང་དུ་ལའང་ལག་ཐོག་ཁ་པར་ལ་ཞིབ་བཤེར་ཆེད་བསྐྱོད་གཏན་ཁེལ་ཡོད་པ་དང་། གལ་སྲིད་ཞིབ་བཤེར་ལས་དོན་རུ་ཁག་དེས་བོད་ནང་གི་བོད་མི་ཚོས་ཕྱི་རྒྱལ་ཁག་ལ་འབྲེལ་བ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཚེ་དུས་ཐོག་འཇུ་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

འབྲེལ་ཡོད་ནས་བརྗོད་གསལ་ལྟར་ན། ཞིབ་བཤེར་ལས་དོན་རུ་ཁག་དེ་ནི་རྒྱ་ནག་པེ་ཅིང་ནས་ཡོང་བའི་བརྡ་འཕྲིན་ཚན་རྩལ་ཆེད་མཁས་པ་ཁག་ཅིག་ཡིན་པ་དང་། དགོན་པ་སོ་སོའི་ནང་ཉིན་བཞི་དང་ལྔ་རེར་བརྟག་དཔྱད་བྱས་ཏེ་སྡོད་རྒྱུ་ཡིན་འདུག

དེ་བཞིན།  ད་ལོའི་ལོ་གསར་ཚེས་ ༡ ནས་བཟུང་ལྷ་སའི་ཁུལ་དུ་བོད་མི་རྣམས་ཀྱིས་ལོ་གསར་དགའ་སྟོན་མ་བྱས་པར།  ཉིན་ལྟར་འཚང་ག་ཤིག་ཤིག་གིས་དགོན་སྡེ་ཁག་ནང་ཆོས་མཇལ་ཞུས་ཏེ།  རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་བསྔོ་བ་སྨོན་ལམ་སོགས་བརྒྱབ་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གིས་མི་མང་འཛོམས་སར་དྲག་ཆས་དམག་དཔུང་བཏང་སྟེ་མང་ཚོགས་ལ་དམ་དྲག་དང་འཇིགས་སྐུལ་སོགས་བྱས་ཡོད་འདུག

Check Also

རྒྱ་གཞུང་གིས་ཆབ་སྲིད་ཀྱི་མནར་གཅོད་མཚམས་བཞག་སྟེ་གར་སོང་ཆ་མེད་བཟོས་པའི་དགེ་འདུན་པ་ཚོའི་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་དགོས།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་དགེ་འདུན་པ་གསུམ་གང་བྱུང་བཀག་ཉར་བྱས་པ་དང་བཙན་གྱིས་གར་སོང་ཆ་མེད་བཟོས་པ། དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ངེས་པར་དུ་གསལ་བཤད་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད་ལ། འདི་ག་ལྟེ་གནས་ཁང་གིས། རྒྱ་གཞུང་ནས་ཆོས་དད་དང་ཆབ་སྲིད་ཀྱི་ཉེས་འཛུགས་འོག་ཏུ་དགེ་འདུན་པ་དེ་དག་ལ་སྡུག་སྦྱོང་མནར་གཅོད་བཏང་བ་དང་། གང་བྱུང་བཀག་བསྐྱིལ་བཙོན་འཇུག་བྱས་པ་དེ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་དང་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་བར་ཡིད་ཆེས་བྱེད་ཀྱིན་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆིངས་གནས་རྒྱལ་ཁབ་ཡིན་པའི་ཆ་ནས། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རྒྱལ་སྤྱིའི་ཁྲིམས་གཞི་རྩ་འཛིན་དེ་དག་ལ་བརྩི་འཇོག་དང་སྲུང་སྐྱོབ། ལག་བསྟར་བྱེད་པའི་འགན་ཡོད། འདི་ལོའི་ཕྱི་ཟླ་༧ ཚེས་༣༠ ཉིན་རང་ལོ་༣༧ ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལ་མི་ལོ་༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། …